སྟོད་གཞས་ཀྱི་གཞས་ཚིག་ཁག་གཅིག
གཟུགས་མཛེས་ཡ་ལ།
རྟ་བཟང་རླུང་གི་གཤོག་པ། །
མི་བཟང་ཐང་གའི་ལོགས་བྲིས། །
རླུང་གི་གཤོག་པ་མཐོང་དུས། །
ཐང་གའི་ལོགས་བྲིས་དྲན་བྱུང་། །
རྟ་ཕོ་ཕུན་ཚོགས་རྐྱང་པོ། །
འགྲོས་ལ་རྒྱག་ཚོད་གནང་དང་། །
རྟ་དམག་ལྔ་བརྒྱའི་དཀྱིལ་ནས། །
ང་གཉིས་འགྲོ་དགོས་བྱུང་སོང་། །
རྟ་ཕོ་དུ་བ་རྐྱང་པོ། །
རྟ་གདན་དུ་བ་གྲུ་བཞི། །
མཛེས་པའི་སྲབ་ཐག་མི་དགོས། །
སེམས་ཀྱིས་ཁ་ལོ་གཅུས་ཆོག །
ཆུ་འདི་ལྷ་སའི་ཆུ་ལ།
ཆུ་འདི་ལྷ་སའི་ཆུ་ལ། །
བྱ་ལ་དབང་ཕྱུག་འཇོལ་མོ། །
དབང་ཕྱུག་འཇོལ་མོའི་གསུང་སྐད། །
རྒྱ་གླིང་ལས་ཀྱང་སྙན་པ། །
ལྷ་ས་ལྷ་ས་སྐྱིད་པ། །
དེ་ལས་ལྷ་ཀླུ་སྐྱིད་པ། །
ལྷ་ས་ལྷ་ཀླུའི་བར་གྱི། །
རྫོང་རྒྱབ་ཀླུ་ཁང་སྐྱིད་པ། །
ཁྱེད་ནི་ཙན་དན་སྡོང་པོ། །
ང་ནི་ལྷ་ཤིང་ཤུག་པ། །
དྲི་མ་ཕར་ཞིམ་ཚུར་ཞིམ། །
སྤོས་རྐང་ནང་ལ་སྒྲིལ་ཤོག །
ཤར་ལུང་བྲག
ཤར་ལུང་བྲག་གི་ལོགས་ནས། །
མེ་ཏོག་པདྨ་ཤར་བྱུང་། །
མེ་ཏོག་པདྨ་ཤར་ནས། །
ཤར་ལུང་འོད་ཀྱིས་ཁེངས་སོང་། །
ཤར་ལུང་བྲག་གི་ལོགས་ན། །
བྲག་ཆུ་ཤེལ་ལས་དྭངས་བ། །
བྲག་ཆུ་བཞེས་པ་གནང་དང་། །
ལུས་སེམས་བདེ་ལ་འཁོད་སོང་། །
སྐལ་བཟང་ལགས།
ཤར་བ་རྒྱ་མཚོའི་རི་ལ་རི་བཤད་ཡོད། །
རྒྱ་མཚོ་ཤར་གྱི་རི་ལ་རི་བཤད་ཡོད། །
བྲག་རི་དཀར་པོ་སེང་གེ་འགྱིངས་འདྲ་ཡོད། །
རྫ་རི་སྨུག་པོ་མཎྜལ་སྤུངས་འདྲ་ཡོད། །
བྲག་དཀར་རྟ་སོ་འདྲ་བའི་རྟ་གཅིག་ཡོད། །
བྲག་དམར་ཁྱུང་ཆེན་འདྲ་བའི་སྒ་གཅིག་ཡོད། །
དེ་ཡི་སྟེང་དུ་ཆིབས་པའི་མི་བུ་དེ། །
དབང་ཕྱུག་མི་ལ་རས་པ་ངོ་མཚར་ཆེ། །
གཉའ་ནང་མཐོང་ལ།
གཉའ་ནང་མཐོང་ལའི་ལ་ལ། །
རྟ་ཕོས་ཕྱི་ལྟས་སློག་གིས། །
རྟ་ཕོར་བདེན་པ་ཡོད་དོ། །
ཆག་གི་བཟའ་འཕྲོ་ལུས་བཞག །
གཉའ་ནང་མཐོང་ལའི་ལ་ལ། །
ཁ་བའི་སྒོ་ལྕགས་ཐེབས་བཞག །
དྲོད་འཇམ་ཉི་མ་ཨོ་ཤེ །
ཁ་བའི་སྒོ་ལྕགས་ཕྱེ་དང་། །