དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • འགྲོ་བཞིན་པའི་སྙན་ངག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསོད་ནམས་རྡོ་རྗེ།   |     སྤེལ་དུས།  2025-02-09

    ངའི་སྙན་ངག་འགྲོ་བཞིན་འདུག

    ནམ་མཁའི་ངོས་སུ།

    ཟླ་འོད་ཀྱི་ཁུག་ཏུ།

    ཉི་འོད་ཀྱི་པང་དུ།

    སྐར་ཚོགས་ཀྱི་དཀྱིལ་དུ།

    ངའི་སྙན་ངག་འགྲོ་བཞིན་འདུག

    ཉིན་དང་མཚན། ལོ་དང་ཟླ།

    དུས་ཚིགས་རེས་མོས་ངང་།

    ངའི་སྙན་ངག་འགྲོ་བཞིན་འདུག

    རྨི་ལམ་གྱི་ཞིང་ཁམས་སུ།

    རྟོག་བཟོ་ཡི་འཇིག་རྟེན་དུ།

    བདེ་སྐྱིད་ཀྱི་ལམ་ཁ་རུ།

    ངའི་སྙན་ངག་འགྲོ་བཞིན་འདུག

    ཁྱོད་ཀྱི་དྲན་ངོགས་སུ།

    ང་ཡི་སེམས་ཁོང་དུ།

    ནམ་ཡང་འགྲོ་བཞིན་འདུག

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།