དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་བོད་ནས་འཛམ་གླིང་གི་རྨིགས་སུག་རིགས་ཀྱི་ཁུང་འབྲུག་རྐང་རྗེས་ཀྱི་འགྱུར་རྡོ་རྙེད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-02-07

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། སྤྱིར་ན་རྨིགས་སུག་རིགས་ཀྱི་ཁུང་འབྲུག་གི་ལུས་སྟོབས་ཧ་ཅང་ཆེ་བ་དང་། སྐེ་དང་མཇུག་མ་ཧ་ཅང་རིང་བ། རྐང་ལག་སྦོམ་པོ་བཞིས་ཆུ་ཟོམ་ལྟ་བུའི་ལུས་པོ་འདེགས་བཞིན་ཡོད། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གདོང་ཐོག་གྲོང་ཚོར་རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་ཀྲུའུ་ལུའོ་དུས་རབས་བར་མའི་རྨིགས་སུག་རིགས་ཀྱི་ཁུང་འབྲུག་རྐང་རྗེས་ཀྱི་འགྱུར་རྡོ་ཁག་གཅིག་གསར་དུ་རྙེད་པ་དང་དེའི་རྐང་རྗེས་ཆུང་ཤོས་ལ་ལི་སྨི་8.8ལས་མེད་པ་རེད།

    ཀྲུང་གོ་ས་གཤིས་སློབ་ཆེན(པེ་ཅིང)དང་ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཀྱི་ཞིབ་འཇུག་པ་ལས་གྲུབ་པའི་ཚན་རིག་ཞིབ་འཇུག་ཚོགས་པས་ཚེས་10ཉིན་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་པ་མ་ཟད། དེ་ནི་མིག་སྔར་ཤེས་རྟོགས་བྱུང་བའི་འཛམ་གླིང་ཐོག་གི་རྨིགས་སུག་རིགས་ཀྱི་ཁུང་འབྲུག་རྐང་རྗེས་ཀྱི་འགྱུར་རྡོ་ཆུང་ཤོས་ཡིན་ཞེས་བརྗོད་པ་རེད། གྲུབ་འབྲས་དེ་ཉེ་ཆར་རྒྱལ་སྤྱིའི་གནའ་བོའི་སྐྱེ་དངོས་རིག་པའི་རིག་གཞུང་དུས་དེབ《ལོ་རྒྱུས་སྐྱེ་དངོས་རིག་པའི》ཐོག་སྤེལ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྨིགས་སུག་རིགས་ཀྱི་ཁུང་འབྲུག་ཆེན་པོ་དང་ཁུང་འབྲུག་གི་ཕྲུ་གུའི་གཟུགས་སྟོབས་ལ་ཁྱད་པར་ཆེན་པོ་ཡོད་པ་སྟེ། རྨིགས་སུག་རིགས་ཀྱི་ཁུང་འབྲུག་ཆེ་བའི་རིང་ཚད་ལ་སྨི་ཉི་ཤུ་སུམ་ཅུ་ཟིན་པ་དང་། དེའི་ཕྲུ་གུ་ཤུན་ལྤགས་ལས་ཐོན་མ་ཐག་གཟུགས་པོའི་རིང་ཚད་སྨི་ཕྱེད་ཀ་ཙམ་ཡང་ཟིན་གྱི་མེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།