དིང་རི་བ། ཤུགས་རྒྱོབ།
བསོད་ནམས་ཚེ་རིང་།
འབྱུང་བཞིའི་འཇིགས་པ་བཟློག་ཏུ་མེད་པས་ན། །
མ་བསམ་བཞིན་དུ་མགོ་ཐོག་བབས་གྱུར་ཅིང་། །
ཐེག་པར་དཀའ་ཡང་ལྡོག་མེད་ཁུར་དགོས་པས། །
བཟོད་བསྲན་སྙིང་རུས་སྐྱེད་ཅིག་དིང་རི་བ། །
གེགས་ཤུལ་སྤུན་ཟླ་བློ་ཕམ་མ་མཛོད་ཅིག །
དཀའ་ངལ་ཁྱད་བསད་བློ་སྟོབས་མ་ཉམས་ཤིག །
གསོན་པོ་རྣམས་ཀྱིས་སེམས་ཁྲལ་མ་གནང་ཞིག །
སྡུག་རུས་གནང་སྟེ་མགོ་བོ་དགྱེ་ཤོག་ཨང་། །
སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་ཡོད། །
རྒྱལ་ཁབ་ཆེན་པོའི་འཕྲལ་སྡོམ་རུ་ཁག་ཡོད། །
རང་སྐྱོང་ལྗོངས་ཀྱི་ཡང་དག་འགོ་ཁྲིད་ཡོད། །
ཕྱོགས་བཞིའི་སྤུན་ཟླའི་བརྩེ་སེམས་རོཊ་སྐྱོར་ཡོད། །
སྤྱི་ཚོགས་གཅེས་སེམས་ཚོཊ་པའི་སྐྱོར་རོགས་ཡོད། །
དྲ་ཐོག་མིང་ཅན་མང་པོའི་དོ་ཁུར་ཡོད། །
འཛུགས་སྐྲུན་ཀུང་སི་ཁག་གི་རྒྱབ་སྐྱོར་ཡོད། །
མི་རིགས་མང་པོའི་ཚོང་པའི་བརྩེ་སེམས་ཡོད། །
དགོན་སྡེ་ཁག་གི་གཅེས་སེམས་དྲོན་མོ་ཡོད། །
རྒྱ་ཆེའི་ཞིང་འབྲོག་དམངས་ཀྱི་སེམས་ཁུར་ཡོད། །
མདོར་ན་མེས་རྒྱལ་ཁྱིམ་ཚང་ཆེན་པོ་དང་། །
སྤུན་ཟླ་མི་རིཊ་མང་པོའི་རྒྱབ་སྐྱོར་དང་། །
སྤྱི་ཚོགས་ལས་རིགས་ཁག་གི་ལས་བྱེད་དང་། །
མང་ཚོགས་ཁྲི་སྟོང་མང་པོའི་སེམས་ཁུར་ཡོད། །
ཇོ་རིའི་འདབས་སུ་འཚོ་བའི་དིང་རི་བ། །
ཐུགས་སེམས་མ་སྐྱོ་རིག་པ་སྒྲིམས་ཤོག་ཨང་། །