དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སྐྱིད་པའི་ཉི་མ་འཆར་ངེས་ཡིན།

    མཐོང་གྲོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-14

    མདང་ནུབ། ཁྱེད་ཀྱི་ཞལ་མདངས་སྐྱ་བོར་གྱུར་འདུག ངས་ལག་གིས་རེག་པ་དག་འཁྲུལ་སྣང་ཡིན་པར་བསམས་ཤིང་། སྣང་བས་མཐོང་བ་དག་སྡུག་བསྔལ་གྱི་རྒྱུ་རུ་ཐིམ། ཁྱེད་ཅག་གི་ན་ཟུག་མཐའ་དག་ང་རང་གི་ཤ་རུས་ལ་ཟུག་ནས། སྐད་ཆེན་པོས་ཁྱེད་ཅག་དང་ལྷན་དུ་ངུས་རུང་། སྤུན་ཟླ་ཚོའི་འཆི་བའི་འཇིག་རྟེན་མ་མཐོང་། དིང་རི་བ། ཁྱེད་ཅག་ཤིན་ཏུ་རྒས་པར་སྣང་འདུག

    འོན་ཀྱང་། མུན་པ་ལ་དྭངས་དུས་དང་། ཉི་མ་ལ་འཆར་དུས་ཡོད་པས། ཁྱེད་ཚོ་ཐུགས་མ་ཕམ། སེམས་མ་སྐྱོ། དགུན་ཁ་འདིའི་ནམ་ཟླ་གྲང་ངར་ཆེ་རུང་། ཁྱེད་ཚོར་མདུན་ནས་ཁྲིད་མཁན་དང་རྒྱབ་ནས་སྐྱོར་མཁན་ཡོད་པས། ཁྱེད་ཚོར་སླར་ཡང་སྐྱིད་པའི་ཉི་མ་འཆར་ངེས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།