དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • ལྗོངས་ཡོངས་ཀྱི་ཆོས་ཕྱོགས་ལས་རིགས་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད། (གནད་བསྡུས)

    འགག་རྩའི་དུས་ནུས་པ་ཐོན་པ་བྱ་རྒྱུ་དེ་སེམས་ནང་བརྟན་པོར་ངེས་ནས་རྒྱལ་ཁབ་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་བརྟན་པོ་བཙུགས་ཏེ། ཆོས་ལུགས་ཀྱི་ཆོས་ཉིད་ཞི་བ་ཡིན་པ་དྲིལ་བསྒྲགས་རྒྱ་ཆེར་བྱེད་ཀྱི་ཡིན།

    ལྷ་ས་གྲོང་ཁྱེར་གཙུག་ལག་ཁང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། བསྟན་འཛིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-31

    ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གིས་ཐོག་མཐའ་བར་གསུམ་དུ་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། རྒྱ་ཆེའི་གྲྭ་བཙུན་རྣམས་ལ་ཐུཌ་ཁུར་གཅེས་སྐྱོང་གནང་མུས་རེད། གུས་པའི་འདས་ཟིན་པའི་མི་ཚེའི་འཚར་ལོངས་ཀྱི་ལོ་ཟླའི་རྗེས་ཤུལ་ཁྲོད་ཀྱི་ཡར་རྒྱས་བྱུང་བ་མཐའ་དག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གི་བཀའ་སློབ་དང་མངགས་བཅོལ་ཟབ་མོ་དང་ཁ་བྲལ་ཐབས་མེད། དེ་ཡང་། 2011ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་སྐུ་ངོ་མ་ལྷ་ལྡན་གཙུག་ལག་ཁང་དུ་གཟིགས་ཞིབ་ལ་ཕེབས་དུས་ཀྱི་བརྩེ་བ་ཟབ་མོའི་རྣམ་པ་དག ཡང་ཡང་ཡིད་ལ་དྲན་བཞིན་མིག་མདུན་དུ་ལྷང་ལྷང་འཆར་གྱིན་འདུག་ལ། ལྷག་པར་དུ། སྤྱི་ཁྱབ་ཧྲུའུ་ཅིས་དགོན་སྡེའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཕྱོགས་སྐོར་ལ་ཐུགས་རེ་ཆེན་པོ་གནང་བ་དེས། ང་རང་ལ་ངེས་པར་དུ་དགོན་སྡེའི་རིག་དངོས་ལ་སྲུང་སྐྱོབ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱ་རྒྱུའི་ཀུན་སློང་འཆར་བྱུང་། ངས་བསླབ་པ་སློབ་གཉེར་གྱི་ཞོར་དུ། རང་འགུལ་གྱིས་དགོན་སྡེའི་རིག་དངོས་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་པ་དང་། རང་འགུལ་གྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱངས་ནས། དེ་བས་ཧུར་སེམས་ཆེན་པོས་དགོན་སྡེའི་དྲིལ་བསྒྲགས་པའི་ལས་འགན་ཁུར་བ་ཡིན། 2021ལོའི་ཟླ7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་སྐུ་ངོ་མ་འབྲས་སྤུངས་དགོན་དུ་གཟིཌ་ཞིབ་དང་སློབ་སྟོན་གནང་བར་ཕེབས་ནས། བརྩེ་བ་ཟབ་མོས་ང་ཚོ་ཆོས་ཕྱོགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་མཇལ་འཕྲད་གནང་ཞིང་། ང་རང་གིས་རང་འགུལ་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ཕྱོགས་ལས་རིགས་མི་སྣར་བཏོན་གནང་བའི་ཚད་གཞི་བཞི་སྟེ། ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ་བྱ་རྒྱུ་དེ་སེམས་ལ་བརྟན་པོར་ངེས་ནས། རྒྱལ་ཁབ་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་བརྟན་པོ་བཙུགས་ནས། ཆོས་ལུགས་ཀྱི་ཆོས་ཉིད་ཞི་བ་ཡིན་པ་དེ་དྲིལ་བསྒྲགས་རྒྱ་ཆེར་དང་ལག་བསྟར་བྱས་ནས། ཐོག་མཐའ་བར་གསུམ་དུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་། ཆོས་ལུགས་ཞི་དུལ། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་བ་ཡིན། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལོ་བཞི་བསྟུད་མར་ང་ཚོ་ཆོས་ཕྱོཌ་ལས་རིགས་མི་སྣ་དང་བཞུཌ་མོལ་གནང་ཐོག ང་ཚོ་འཚར་ལོངས་ཡར་རྒྱས་ཡོང་རྒྱུར་ཐུགས་ཁུར་ཟབ་བཞེས་གནང་ཡོད་ལ། ང་ཚོར་སྤྱི་ཚོཌ་ཀྱི་འགན་འཁྲི་ཁུར་བར་སྐུལ་མ་ཡང་གནང་ཡོད། ང་རང་གིས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གི་སློབ་སྟོན་དང་བཀའ་མངགས་ཡིད་ལ་བརྟན་པོར་ངེས་པ་བྱེད་ཀྱི་ཡོད་ལ། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བཟང་པོ་བཞི་ལྡན་གྱི་གྲྭ་བཙུན་ཞིག་བྱེད་དགོས་པའི་བླང་བྱ་ཡིད་ལ་བརྟན་པོར་ངེས་ནས། མི་ཚེ་གང་པོའི་ཐོས་བསམ་སློབ་གཉེར་གྱི་ལམ་བུའི་ཉམས་ལེན་ལ་འདྲེས་པར་བྱས་ནས། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི། རླབས་ཆེའི་དུས་རབས་བཅས་ཀྱི་བཀའ་དྲིན་མ་བརྗེད་སེམས་ཁོངས་སུ་ཉར་རྒྱུ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས། རང་འགུལ་གྱིས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དར་སྤེལ་ཡག་པོ་གཏོང་གི་ཡིན། རང་འགུལ་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་ཕྱེ་ནས། དར་ཆ་གསལ་སྟོན་ཐོག་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ། མི་རིཌ་ཁག་གི་མི་དམངས་དང་ཐུན་མོང་ཐོག་ཐོབ་དཀའ་བའི་བདེ་སྐྱིད་ཀྱི་འཚོ་བར་གཅེས་འཛིན་ཡག་པོ་བྱ་རྒྱུ་ཡིན་ལ། ལག་ལེན་དངོས་ཀྱི་ཐོག་ནས་ཆོས་པ་བཟང་པོ་བྱེད་པར་ངེས་པར་དུ་རྒྱལ་ཁབ་ལ་དགའ་ཞེན་བྱེད་པ་དང་། དམངས་ལ་གཅེས་པར་ངེས་པར་དུ་ཏང་ལ་དགའ་ཞེན་བྱེད་དགོས་པའི་སྲོལ་རྒྱུན་བཟང་པོ་ལག་བསྟར་བྱེད་ཀྱི་ཡིན།

    2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གིས་བོད་དུ་གཟིགས་ཞིབ་གནང་སྐབས། ཁོང་གིས། ལོ་ངོ་སྟོང་གི་བར་སྐོར་ཁྲོམ་གཞུང་ནི་ང་ཚོའི་མི་རིགས་ཁག་གིས་མཉམ་དུ་བསྐྲུན་པའི་བར་སྐོར་ཁྲོམ་གཞུང་རེད་ལ། མི་རིགས་ཁག་གི་རིག་གནས་ནི་གནས་དེར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བྱེད་པ་ལས་བྱུང་ཞིང་། ང་ཚོ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོ་དེ་གནས་འདིར་དགའ་དགའ་སྤྲོ་སྤྲོའི་ངང་འཚོ་ཀྱིན་ཡོད་ཅེས་གསུངས་ཡོད། ཉེ་བའི་ལོ་ཤས་ནང་། ཏང་དང་སྲིད་གཞུང་གིས་གཙུག་ལག་ཁང་དང་བར་སྐོར་ཁྲོམ་གཞུང་ལ་ཉམས་གསོ་ཤུགས་ཆེན་གནང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། དེ་བཞིན་དགོན་སྡེའི་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་ལག་བསྟར་གཏིང་ཟབ་བྱས་ནས་ལོ་ངོ་སྟོང་གི་ཁྲོམ་གཞུང་དེར་སྐྱེས་སྟོབས་ཀྱི་དཔལ་རབ་ཏུ་འབར་བ་བྱུང་ཡོད། ད་ལྟའི་གཙུག་ལག་ཁང་ནི་ལོ་རྒྱུས་ཐོག་སྲུང་སྐྱོབ་ཀྱི་དུས་སྐབས་བཟང་ཤོས་ཤིག་ཡིན་ཞེས་བཤད་ཀྱང་ཆོག དེ་ནི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཁོ་ན་མ་ཡིན་པར། བོད་རིགས་དང་རྒྱ་རིགས། ཧུད་རིགས་སོགས་མི་རིགས་མཐུན་སྒྲིལ་གྱི་རྡོ་རིང་ཆེན་པོ་ཞིག་དང་། ལྷ་ས་ཙམ་མ་ཟད་ལྗོངས་ཡོངས་ཀྱི་ཆེས་མཛེས་སྡུག་ལྡན་པའི་མིང་བྱང་ཞིག་ཡིན་ལ། བོད་ལྗོངས་གསར་པ་ངོམས་སྟོན་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཀྱང་རེད། ངས་རང་འགུལ་ངང་དགོན་སྡེའི་དགེ་འདུན་པ་དང་རིགས་གཅིག་མཁས་དབང་དང་མཉམ་དུ་གཙུག་ལག་ཁང་གི་གནའ་ཤུལ་བཙལ་འཚོལ་གྱི་བྱ་བར་ཞུཌ་ནས། དགོན་སྡེའི་དེབ་ཁང་དང་རིག་དངོས་བཤམས་སྟོན་ཁང་། དཔེ་རྙིང་སྲུང་སྐྱོབ་ཁང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཁང་གི་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་པ་དང་། རང་འགུལ་ངང་ཀྲུང་གོ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། བོད་ནི་གནའ་སྔ་མོ་ནས་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ། མི་རིགས་ཁག་གི་ཐུན་མོང་ཐོག་ལོ་ངོ་སྟོང་གི་བར་སྐོར་ཁྲོམ་གཞུང་བསྐྲུན་པ་དང་། གཙུག་ལག་ཁང་ཕྱག་བཏབ་པའི་ལོ་རྒྱུས། རྒྱལ་ཁབ་ཀྱིས་གཙུག་ལག་ཁང་ལ་ཉམས་གསོ་དང་སྲུང་སྐྱོབ་གནང་བའི་སྐོར། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་དང་ཐང་བོད་མནའ་འབྲེལ་རྡོ་རིང་སོཌ་ཀྱི་ནང་དོན་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་རྣམས་ལ་གསལ་འགྲེལ་བྱས་ནས། མི་རྣམས་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་ལ་རྒྱུས་མངའ་ལོན་ཐུབ་པ་བྱེད་ཀྱི་ཡོད།

    བོད་བརྒྱུད་ནང་བསྟན་གྱི་ཉམས་ལེན་གྱི་སྙིང་པོ་ནི་བྱམས་སྙིང་རྗེ་དང་། བདག་བས་གཞན་གཅེས་དེ་ཡིན། དུས་རབས་གསར་པའི་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲངས་པ་ཞིག་གི་ངོས་ནས། ངས་མ་འོངས་པར་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་གྱུར་བའི་དོན་སྙིང་ལ་བློ་སྦྱོང་ནན་ཏན་བྱེད་པ་དང་། བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་ལ་དགོངས་འགྲེལ་བྱེད་པ། འགྲོ་བ་ཀུན་ལ་ཕན་པའི་ལས་དོན་མཐའ་དག་གི་རྩ་དོན་དེ་བསྲུངས་ནས་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་ཡར་བརྩོན། ཞི་བདེར་རེ་སྨོན་སོགས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དར་སྤེལ་བཏང་སྟེ་སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་ཀྱི་ཡིན། དད་ལྡན་མང་ཚོགས་རྣམས་ལ་དཔྱོད་ཤེས་ཀྱི་སྒོ་ནས་ཆོས་ལུགས་ལ་ལྟ་སྟངས་འཛིན་པ་ལས་མུན་འཐོམས་ཀྱིས་ཕན་ཚུན་བསྡུར་བ་མི་གཏོང་བ་དང་འཚོ་བའི་ཁུར་པོ་ལྕི་རུ་མི་གཏོང་བའི་ཁྲིད་སྟོན་བྱེད་ཀྱི་ཡིན། ཆོས་གཞུང་འདུལ་ཁྲིམས་ནང་གི་སྤྱི་ཚོགས་ཞི་མཐུན་དང་སྐྱོན་བྲལ་དང་། ཤེས་དཔལ་གྱི་ནང་དོན་སོགས་སྔོག་འདོན་བྱས་ནས། གྲོང་གསེབ་དར་རྒྱས་ལས་དོན་ལ་ཧུར་ཐག་ཞུགས་པ་དང་། ལྷ་སའི་ལྷོ་རི་དང་བྱང་རིའི་སྔོ་འགྱུར་ལས་གྲྭའི་ནང་ཞུགས་པ། གྲྭ་བཙུན་དཀྱུས་མ་དང་དད་ལྡན་མང་ཚོགས་ལ་ཁ་ཕྱོགས་ནས་བསྟན་དོན་དགོངས་འགྲེལ་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་ལ་དམིགས་ནས་ལུགས་མཐུན་ངང་ཚེ་ཐར་གཏོང་བ། བག་ཡོད་ཚུལ་ལྡན་ངང་བསང་གཏོང་བ་སོགས་ཀྱི་འབོད་སྐུལ་བྱས་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་གི་ཡིན།

    (གཏམ་བཤད་ཀྱི་ནང་དོན་ཚང་མ་ཀྲུང་གུང་བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།