དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • ལྗོངས་ཡོངས་ཀྱི་ཆོས་ཕྱོགས་ལས་རིགས་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད། (གནད་བསྡུས)

    མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་དགོན་སྡེ་ཡུན་རིང་བདེ་འཁོད་ཡོང་བར་ལེགས་སྐྱེས་ཧུར་ཐག་འབུལ་གྱི་ཡིན།

    ལྷོ་ཁ་གྲོང་ཁྱེར་བཀྲ་ཤིས་ཀུན་བཟང་ཆོས་གླིང་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི། བདེ་སྒྲོལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-31

    ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་། རིམ་ཁག་འཐབ་ཕྱོགས་གཅིག་གྱུར་དང་ནོར་སྲིད་སྡེ་ཚན་གྱི་མཛུབ་ཁྲིད་འོག 2021ལོར་རང་དགོན་སྡེའི་ནོར་ཁྲལ་ལྟ་སྐུལ་དོ་དམ་གྱི་ལས་འགན་ཁག་ལེགས་འགྲུབ་བྱུང་ཡོད། དགོན་སྡེའི་ནོར་ཁྲལ་ལྟ་སྐུལ་དོ་དམ་ལས་དོན་མ་སྤེལ་གོང་། ནོར་དོན་དོ་དམ་ཚད་ལྡན་མེད་པ་དང་། འགྲོ་སོང་གཏོང་ཡོང་གི་དངུལ་སྨར་ཚང་མ་མི་སྒེར་གྱིས་ཉར་ཚགས་བྱས་པས། བཙུན་མ་བྱིངས་ཀྱིས་ལོ་མཇུག་ཏུ་འགྲོ་སོང་གཏོང་ཡོང་གི་ཁ་གྲངས་ཙམ་ལས་ཞིབ་ཕྲའི་གནས་ཚུལ་ལ་རྒྱུས་མངའ་དེ་ཙམ་ཡོང་གི་མེད་ལ། ནོར་དོན་དོ་དམ་ལ་ལྟ་སྐུལ་མི་འདང་བ་དང་། ལམ་ལུགས་ཀྱི་འགན་ལེན་མེད་པ། རང་མོས་ཀྱི་ཤན་ཆེ་བ་སོགས་ཀྱི་གནད་དོན་ཡོད། དགོན་སྡེའི་ནོར་ཁྲལ་ལྟ་སྐུལ་དོ་དམ་ལས་དོན་སྤེལ་བ་བརྒྱུད། དམངས་གཙོའི་འདེམས་བསྐོ་བྱས་ནས་དགོན་སྡེའི་ཁྲིམས་ཚབ་མི་སྣ་གཏན་འཁེལ་བྱུང་བ་དང་། ཆོས་ལུགས་ལས་ཀའི་ཞབས་ཞུའི་སྟེགས་བུའི་ཐོག་གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཚབ་རྟགས་རེ་ཞུ་བྱེད་པ། ཁྲིམས་མི་ཐོ་འགོད་བྱེད་པ། དགོན་སྡེའི་སྤྱི་པའི་རྩིས་ཐོ་གསར་དུ་བཀོད་ཐུབ་པ་བྱུང་ཡོད་ལ། དགོན་སྡེའི་ནོར་དོན་ཡོངས་བསྒྲགས་དང་འགྲོ་སོང་གཏོང་ཡོང་དོ་དམ། དངུལ་སྨར་དོ་དམ། ནོར་དོན་རྩིས་སྤྲོད་སོགས་ལམ་ལུགས་ཁག་11གཏན་འཁེལ་བྱས་ནས། དགོན་སྡེའི་དངུལ་སྨར་ཡོང་འབབ་སྤྱི་པའི་རྩིས་ཐོའི་ནང་བཅུག་པ་དང་། འགྲོ་སོང་གཏོང་ཡོང་ཚང་མ་ནོར་དོན་དོ་དམ་ལམ་ལུགས་གཞིར་བཟུང་ལག་བསྟར་ནན་ཏན་བྱས་ཡོད་ལ། གཏོང་སྒོ་འབོར་ཆེན་རྣམས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་གཙོ་འགན་མི་སྣའི་ཆོག་མཆན་བརྒྱུད་དགོས་པའི་འགྲོ་ལུགས་གཉེར་ཡོད། ལྷག་པར་དུ། དགོན་སྡེའི་ནོར་དོན་གཏོང་ཡོང་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ཏེ། བཙུན་མ་ཚང་མས་དགོན་སྡེའི་དངུལ་གང་ནས་ཡོང་བ་དང་གང་དུ་སྤྱད་མིན་གསལ་པོར་ཤེས་པས། སེམས་ནང་དོགས་གཞི་མེད་པར་གྱུར་ཡོད། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཁོངས་མི་ཞིག་ཡིན་པའི་ངོས་ནས། དགོན་སྡེ་དང་བཙུན་མ་རྣམས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་གང་ལེགས་ཐུབ་པ་དང་། དགོན་སྡེའི་མཁན་པོ་དང་འགན་འཁུར་མི་སྣ། ལྷག་པར་དུ་རྩིས་གཉེར་བཅས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་འགོ་ཁྲིད་འོག་དང་བཙུན་མ་ཡོངས་ཀྱི་ལྟ་སྐུལ་འོག དགོན་སྡེའི་ནོར་དོན་ལས་དོན་ཡག་པོ་སྒྲུབ་བཞིན་པ་ང་རང་ལ་མྱོང་ཚོར་ཟབ་མོ་བྱུང་།

    ཕྱིན་ཆད། ང་ཚོས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ། མུ་མཐུད་རྒྱལ་གཅེས་ཆོས་གཅེས་དང་ཁྲིམས་ལུགས་སྒྲིག་སྲོལ་གྱི་འདུ་ཤེས་རྒྱུན་འཁྱོངས་ཀྱིས་དགོན་སྡེའི་ནོར་ཁྲལ་ལྟ་སྐུལ་དོ་དམ་ལས་དོན་ལ་རང་འགུལ་ངང་སྐུལ་འདེད་ཧུར་ཐག་བཏང་ཐོག ནོར་ཁྲལ་གྱི་ལྟ་སྐུལ་དོ་དམ་ལས་དོན་དེ་རྒྱུན་ཆད་མེད་པར་ཚད་ལྡན་ཅན་དུ་འགྱུར་བ་དང་། ལས་དོན་དེ་ནི་རང་ཁ་རང་གཅུན་དང་རང་ཉིད་ལ་ཞབས་འདེགས། རང་ཉིད་ལ་ལྟ་སྐུལ་བྱེད་པར་ཕན་འབྲས་དངོས་ཐོབ་པའི་ནང་དོན་གལ་ཆེན་ཞིག་ལ་བརྩི་གི་ཡོད།

    དུས་མཚུངས། ཆོས་ཕྱོགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོའི་བྱེད་སྒོའི་རེ་བ་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ། བཟང་པོ་བཞི་ལྡན་གྱི་གྲྭ་བཙུན་དང་སྲོལ་བཟང་ལྔ་དར་སྤེལ་གཏོང་བའི་བླང་བྱ་བཞིན་མུ་མཐུད་འབད་བརྩོན་བྱེད་ཀྱི་ཡིན། གུས་མོ་རང་ཉིད་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཁོངས་མི་ཞིག་གི་ངོས་ནས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོར་ཐེར་འདོན་དང་དགག་རྒྱག་མཐའ་གཅིག་ཏུ་བྱེད་པ་དང་། དགོན་སྡེའི་བཙུན་མ་གཞན་རྣམས་ཀྱི་སྣེ་ཁྲིད་དེ། ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། དགོན་སྡེ་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན། ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཡོང་བར་ལེགས་སྐྱེས་ཧུར་ཐག་འབུལ་གྱི་ཡིན།

    (གཏམ་བཤད་ཀྱི་ནང་དོན་ཚང་མ་ཀྲུང་གུང་བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།