གནམ་ལོ་གསར་ཚེས་ལ་ཕུལ་བའི་ཤིས་ཚིག
ཨ་སྔོན་ནམ་མཁའ་ཡངས་པའི་མཐོངས་འདི་གཡུ་ཡི་མེ་ལོང་ཕྱིས་པ་བཞིན། །
ཧ་ཅང་གཟི་བརྗིད་རབ་ཏུ་འབར་བ་ཉིན་བྱེད་གསེར་གྱི་འཁོར་ལོ་འདྲ། །
ཧ་ཧ་གོ་ལ་ཧྲིལ་པོའི་རྒྱན་གཅིག་གངས་ཅན་སུམ་རྩེན་གཉིས་པ་རུ། །
ཨ་ཧོ་བཀྲ་ཤིས་གནམ་ལོ་གསར་པའི་འཛུམ་གྱི་པདྨོ་ལྷུག་པོར་གྲོལ། །
ས་གསུམ་ནོར་བུའི་རིཊ་ཀྱིས་བཀང་དང་ཡང་དག་མཚུངས་པའི་བསིལ་ལྗོངས་སུ། །
ཤ་རུས་མི་རབས་དུ་མར་མཆེད་པའི་སྐྱེ་བོ་ཕོ་མོ་རྒན་གཞོན་ཀུན། །
ལ་གཏམ་ལུང་གཏམ་སྨྲ་བར་མི་སྤྲོ་ཁ་བཤད་ལག་བསྟར་གྲུབ་འབྲས་ཀྱིས། །
ར་བ་གངས་རིས་བསྐོར་བའི་ལྗོངས་ནས་ལོ་ཟླ་རྙིང་པར་ཕེབས་སྐྱེལ་ཞུས། །
ཡ་མཚན་མི་དགོས་དུས་རབས་འདི་ཀོ་ལུགས་བཟང་སྲིད་ཀྱིས་བསྐྱངས་སོ་ཞེས། །
འ་ཅག་བོད་འབངས་མོས་པ་གཅིག་མཐུན་མགྲིན་གསང་མཐོན་པོའི་ཕྱོཊ་སྡོམ་ནི། །
ཟ་ཟིར་མིན་གྱི་དོན་དངོས་རེ་དྲངས་ཇི་ཙམ་ཉན་ཡང་ཉན་འདོད་དོན། །
ཞྭ་མོའི་ཏོག་ལྟར་ས་གཞིའི་སྤྱི་བོ་བོད་ནས་གྲགས་དེ་ལེགས་སྐྱེས་ལགས། །
ཝ་ལེར་གསན་དང་ཞིང་འབྲོག་ཐོན་སྐྱེད་ཚན་རིག་རྩལ་དང་བསྟུན་པ་ཡིས། །
ཛ་དྲག་ཆེ་ཡང་གོམ་སྟབས་མ་འཁྱོར་འཆར་གཞིའི་དཔེ་རིས་དེར་བརྟེན་ཅིང་། །
ཚ་གྲང་ངལ་བ་ཁྱད་བསད་ཐོན་སྐྱེད་གོང་སྤེལ་བྱ་གཞག་སྤྱི་བྱེ་བྲག །
ཙ་ན་ཀ་ལྟར་མཐུན་སྒྲིལ་གོང་བུར་བསྒྲིལ་བའི་རྟགས་མཚན་ལེགས་སྐྱེས་ལགས། །
མ་ཡུམ་མེས་རྒྱལ་དར་ཞིང་རྒྱས་པ་མངའ་ཐང་དགུང་དང་མཉམ་དོན་ཀུན། །
བ་སྤུའི་གྲངས་ཀྱིས་གཞལ་བར་མི་ནུས་མི་སེམས་འགུལ་བའི་གཏམ་བཟང་ཚོཊ། །
ཕ་རོལ་དགྲ་ལ་ངོམས་སོ་འོས་ཏེ་གཉེན་ཚན་ཀུན་ལ་འཕྱར་འོས་དེས། །
པ་ཕ་ཨ་མ་བགྲེས་སོང་རྣམས་ཀྱང་འཇིག་རྟེན་རིང་དུ་འགྲིམས་འདོད་བསླངས། །
ན་སོ་རྒན་གཞོན་རྒན་བཀུར་གཞོན་སྐྱོང་ཀྲུང་ཧྭའི་ཕུལ་བྱུང་སྤྱོད་བཟང་དག །
ད་ཆ་ངག་ནས་བསྐུལ་བར་མ་བྱས་རང་རང་མ་སྐུལ་དང་ལེན་གྱིས། །
ཐ་ངན་སྤྱོད་པ་རྒྱང་དུ་བསྐྱུར་བའི་གུས་ཞབས་དར་སྲོལ་ཀུན་སྤྱོད་རྒྱན། །
ཏ་ལེར་འདྲེན་བྱེད་ལམ་དུ་འཆར་འདི་གསར་ཚེས་ལོ་ཟླར་རྒྱུན་མཐུད་མཛོད། །
ཉ་གང་ཟླ་བར་ཡང་དག་ཅོ་འདྲི་ཡར་རྒྱས་གོང་འཕེལ་འཚོ་བ་དེ། །
ཇ་ཆང་ཙམ་མིན་ཤ་མར་ཐུད་སོགས་བཟའ་བཅའ་ཡོངས་ནས་མངོན་བཞིན་པས། །
ཆ་ཚང་ལམ་བཟང་ཀྲུང་གོའི་ལུགས་ཀྱི་སྤྱི་ཚོགས་རྣམ་པ་གསར་རྐྱང་འདི། །
ཅ་གས་བསྐྱངས་ཏེ་འཛམ་གླིང་དཀར་ནག་མི་རིགས་ཡོངས་ཀྱི་དཔེར་སྟོན་མཛོད། །
ང་ཅག་བསིལ་ལྗོངས་ལ་ཀླུང་རྙིང་པར་འཛུགས་སྐྲུན་བྱེ་བ་འབུམ་གྱི་ཚོགས། །
ག་བྱས་གནམ་ས་མགོ་རྟིང་བསློགས་པའི་དཔེ་རུ་འཇོག་པར་འོས་པ་འདི། །
ཁ་བཤད་ལག་བསྟར་དོན་ལ་གནས་དེ་མིག་ལྡན་ཀུན་གྱིས་རྟོགས་ལགས་ན། །
ཀ་བ་མི་འགྱུར་བརྟན་པོར་ཚུགས་འདྲ་སྲིད་བཟང་བསྐལ་བརྒྱར་བརྟན་པར་སྨོན། །