དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག
  • ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས།

    སློབ་གྲྭར་མངོན་མིན་རིག་གནས་ཤུལ་བཞག་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-20

    ཉེ་ཆར། རིག་གནས་རྒྱུན་འཛིན་དང་གསར་གཏོད་སྐོར་གྱི་བྱེད་སྒོ་ཞིག་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་དཔེ་སྟོན་རང་བཞིན་གྱི་ཕྱོགས་བསྡུས་ལག་ལེན་རྟེན་གཞིར་སྤེལ་འགོ་ཚུགས་ཤིང་། ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་དེ་བཞིན་ལང་ཚོའི་དཔལ་འབར་བའི་སློབ་མ་མང་པོ་དང་མཉམ་དུ“སློབ་གྲྭར་མངོན་མིན་རིག་གནས་ཤུལ་བཞག་ཁྱབ་གདལ་གཏོང་བའི”རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ནས་སློབ་གྲྭར་གནའ་བོའི་མངོན་མིན་རིག་གནས་ཤུལ་བཞག་གི་སྐྱེ་སྟོབས་གསར་པ་འབར་བ་མ་ཟད། གཞོན་ནུ་མི་རབས་ཚོའི་སེམས་ནང་རིག་གནས་རྒྱུན་འཛིན་གྱི་ས་བོན་ཡང་བཏབ་པ་རེད།

    བྱེད་སྒོ་སྤེལ་འགོ་ཚུགས་པ་དང་བསྟུན་ནས་སྙན་འཇེབས་ལྡན་པའི་དབྱངས་རྟས་ས་གནས་ས་ཐོག་གི་རྣམ་པ་འཁྲུག་ཏུ་བཏང་ཞིང་། སྐྱོར་མོ་ལུང་ལྷ་མོ་འཁྲབ་སྟོན་རུ་ཁག་གིས་ལུས་ལ་ཚོན་མདོག་རྣམ་པར་བཀྲ་བའི་ལྷ་མོའི་འཁྲབ་ཆས་སྤྲས་ཏེ་དུས་དང་བར་སྟོང་ལས་བརྒལ་བའི་ཕོ་ཉ་དང་འདྲ་བར《རྔོན་པའི་འདོན》གྱི་ངོ་མཚར་ཆེ་བའི་དུམ་བུ་ཞིག་དགེ་སློབ་ཚོའི་མིག་ལམ་དུ་བཤམས་ཡོད། མངོན་མིན་རིག་གནས་ཤུལ་བཞག་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དུས་དེར་གསོན་ཉམས་དོད་པའི་ངང་མངོན་ཡོད་པ་རེད།

    ཉང་བྲན་ཤང་ཆ་ཚང་སློབ་ཆུང་གི་སློབ་མ་ཚོས་ཀྱང་སྙན་འཇེབས་ལྡན་པའི་རྣམ་ཐར་བཏང་བ་དང་། མ་གཞི་དེ་ཙམ་གྱིས་བྱང་ཆུབ་པོ་མེད་ཀྱང་ཁོང་ཚོས་སྲོལ་རྒྱུན་རིག་གནས་ལ་བཅངས་པའི་དགའ་ཞེན་དང་རྒྱུན་འཛིན་གྱི་སྤྲོ་སེམས་ནི་ཞོགས་པའི་ཉི་གཞོན་ལྟར་གསོན་ཤུགས་རྒྱས་པས་དེ་གར་ཡོད་པའི་མི་ཚང་མའི་ཡིད་དབང་ཅིག་ཅར་དུ་བཀུག་པ་རེད།

    གཞན་ཡང་། བྱེད་སྒོར“སློབ་གྲྭར་མངོན་མིན་རིག་གནས་ཤུལ་བཞག་ཁྱབ་གདལ་གཏོང་བའི་དཔེ་སྟོན་རྟེན་གཞིའི”སྒོ་བྱང་སྤྲོད་པའི་མཛད་སྒོ་དམིགས་སུ་བཀར་ནས་འཚོགས་པ་དང་། ཉང་བྲན་ཤང་ཆ་ཚང་སློབ་ཆུང་དང་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོར་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་ཕུལ་དུ་བྱུང་བའི་སྦྱངས་འབྲས་ཐོག་ནས་མཚན་སྙན་དེ་ཐོབ་པ་ནི་ཁོང་ཚོའི་འདས་ཟིན་པའི་འབད་བརྩོན་ལ་ཁས་ལེན་བྱས་པ་ཞིག་ཡིན་པ་མ་ཟད། འབྱུང་འགྱུར་རྒྱུན་འཛིན་གྱི་ལམ་བུར་རེ་སྒུག་དང་ལྕག་སྐུལ་བྱས་པ་ཞིག་དེ་བས་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།