དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པས“ཀྲུང་གོའི་བདེ་སྐྱིད་ལྡན་པའི་ལྷ་ས”བརྗོད་དོན་གཙོ་བོར་བྱས་པའི་རིག་རྩལ་ཁྱིམ་ཚང་མང་པོར་ཁྱབ་གདལ་གཏོང་བའི་རིམ་སྤེལ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-11

    འདི་ནི་ཉེ་ཆར། ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པས་ལྷ་སའི་བདེ་སྡོད་གླིང་བཞི་པའི་ཐང་ཆེན་དུ་འཁྲབ་སྟོན་བྱེད་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པས་ལྷ་སའི་བདེ་སྡོད་གླིང་བཞི་པའི་ཐང་ཆེན་དུ“ཀྲུང་གོའི་བདེ་སྐྱིད་ལྡན་པའི་ལྷ་ས”བརྗོད་དོན་གཙོ་བོར་བྱས་པའི་རིག་རྩལ་ཁྱིམ་ཚང་མང་པོར་ཁྱབ་གདལ་གཏོང་བའི་རིམ་སྤེལ་བྱེད་སྒོ་བདེ་བླག་ངང་སྤེལ་བ་རེད།

    ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་རིག་རྩལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་ཡིན་པ་རེད། འཁྲབ་སྟོན་གྱི་ནང་དོན་ཕུན་སུམ་ཚོགས་པོའི་ཐོག་ནས་ཀྲུང་གོའི་དར་རྒྱས་ཀྱི་རྣམ་པ་དང་བདེ་སྐྱིད་ལྡན་པའི་ལྷ་སའི་མཛེས་སྡུག་གང་ལེགས་མངོན་པར་བྱས་ཡོད།

    ལོ་བཅུའི་སྔོན་གྱི་རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུ་ནི་མུན་སེལ་སྒྲོན་མེ་ཞིག་དང་འདྲ་བར། རང་རྒྱལ་གྱི་རིག་རྩལ་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད། དེ་རིང་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པའི་རིག་རྩལ་ལས་དོན་པ་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས“སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་ནི་མི་དམངས་ཀྱི་རིག་རྩལ་ཡིན”ཞེས་པའི་འདུ་ཤེས་ལག་ལེན་བསྟར་ཏེ་ལྟད་མོ་བ་ཚོར་ངོ་མཚར་ཆེ་བའི་མཐོང་ཚོར་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།

    (འཕྲིན་སྤེལ་བ་ཨོ་རྒྱན་ཚེ་རིང)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།