དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • མཐུན་སྒྲིལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  འཕན་འོ་མཚོ།   |     སྤེལ་དུས།  2024-12-01

    མཐུན་སྒྲིལ་རྟག་བརྟན་མཁར་རྫོང་ཡིན། །

    མཐུན་སྒྲིལ་སྟོབས་ཀྱི་དཔུང་ཤུགས་ཡིན། །

    མཐུན་སྒྲིལ་ཡར་ཐོན་སྐས་རིམ་ཡིན། །

    མཐུན་སྒྲིལ་མདུན་སྐྱོད་གོམ་སྒྲ་ཡིན། །

    མཐུན་སྒྲིལ་སྐྱིད་པའི་འཛུམ་དཀར་ཡིན། །

    མཐུན་སྒྲིལ་དགའ་བའི་དགོད་སྒྲ་ཡིན། །

    མཐུན་སྒྲིལ་ཡིད་འོང་གར་སྟེགས་ཡིན། །

    མཐུན་སྒྲིལ་བྱམས་བརྩེའི་དྲོད་ཁོལ་ཡིན། །

    མཐུན་སྒྲིལ་མེས་པོའི་སྲོལ་བཟང་ཡིན། །

    མཐུན་སྒྲིལ་རྒན་པོའི་བཀའ་སློབ་ཡིན། །

    མཐུན་སྒྲིལ་ཨ་མའི་མན་ངག་ཡིན། །

    མཐུན་སྒྲིལ་ཨ་ཕའི་བསླབ་བྱ་ཡིན། །

    མཐུན་སྒྲིལ་གསེར་གྱི་ཟམ་ཆེན་ཡིན། །

    མཐུན་སྒྲིལ་དངུལ་གྱི་ཨ་ལོང་ཡིན། །

    མཐུན་སྒྲིལ་ཡིད་འགུགས་ལྕགས་ཀྱུ་ཡིན། །

    མཐུན་སྒྲིལ་དུང་གི་དབྱངས་རྟ་ཡིན། །

    མཐུན་སྒྲིལ་ནང་གི་ཐབ་ཀ་ཡིན། །

    མཐུན་སྒྲིལ་ཕྱི་ཡི་ལྕགས་རི་ཡིན། །

    མཐུན་སྒྲིལ་བར་གྱི་དམ་ཚིག་ཡིན། །

    མཐུན་སྒྲིལ་འཕེལ་རྒྱས་སྒུལ་ཤུགས་ཡིན། །

    མཐུན་སྒྲིལ་རྒྱལ་ཁའི་གླུ་དབྱངས་ཡིན། །

    མཐུན་སྒྲིལ་གཡང་གི་རུ་མ་ཡིན། །

    མཐུན་སྒྲིལ་རྡོ་རྗེ་ཕ་ལམ་ཡིན། །

    མཐུན་སྒྲིལ་གཡུང་དྲུང་རི་མོ་ཡིན། །

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།