གཏམ་དཔེ་རྣ་བའི་བུ་རམ།
※ ལྷུན་པོ་ཆུ་ཡིས་སྣུབ་དོགས་མེད།
ལུང་པ་རླུང་གིས་ཁྱེར་དོགས་མེད།
※ ལག་པ་ཡ་གཅིག་གི་ཐལ་མོ་དང་།
རྐང་པ་ཡ་གཅིག་གི་ཞབས་བྲོ།
※ རྐང་ལག་ཕྲ་མོར། ཁུར་པོ་ལྕི་མོ།
※ ཁྱུང་མཁའ་ལྡིང་རྙི་ལ་འཛིན་ཐབས་མེད།
སྟག་དམར་ཡག་ཐག་པས་འདོཊ་ཐབས་མེད།
※ མིག་མེད་པའི་ལོང་བ་ཐང་གང་རེད།
གཏམ་མི་ཤེས་ལྐུགས་པ་ཁྱུ་གཅིག་རེད།
※ ཐིགས་པ་བསགས་ན་རྒྱ་མཚོ།
ས་རྡུལ་བསགས་ན་རི་རབ།
※ འཆར་ཅན་གྱི་ལོ་གསར་ལ།
དམིགས་བསལ་གྱི་བརྡ་ཐོ་གཏོང་དགོས་མེད།
※ རྒྱུ་འགྲོ་ས་རྒྱལ་པོའི་བང་མཛོད།
ཆུ་འབབ་ས་ལུང་པའི་སུམ་མདོ།
※ རྩུབ་པོ་ཤིང་ལ་མི་འགྲོ།
འཇམ་པོ་བལ་ལ་མི་འགྲོ།
※ ལོང་བ་མཐོང་རྒྱ་ཆེ། འོན་པ་ཐོས་རྒྱ་ཆེ།
※ རིང་ཐུང་འཇལ་བས་ཤེས།
ཡག་ཉེས་དཔྱད་པས་ཤེས།
※ མེ་སྟག་ཆུང་དུས་མ་བསད་ན།
ནགས་རི་མེ་ལ་ཤོར་ཉེན་ཡོད།
※ བྱེའུ་ཆུང་གསུང་སྐད་སྙན་ཡང་།
སྐུ་ཤ་རྒྱ་སྲང་དོ་རེད།
※ རྟོགས་ལྡན་མི་གཅིག་ལག་གཅིག
ཇག་པ་མི་མང་ལག་མང་།
※ གྲོགས་བཟང་པོ་སྨན་གྱི་ལྗོན་ཤིང་རེད།
གྲོགས་ངན་པ་དུག་གི་སྡོང་པོ་རེད།
※ རྣོ་མེད་རལ་གྲི་དབྱུག་པ་འདྲ།
འགྲོས་མེད་འདོ་བ་གླང་རྒན་འདྲ།
※ དབང་ཆེན་རི་ལ་མ་ཤོར་བ་དང་།
ཉམ་ཆུང་སྒོ་རྒྱབ་ཏུ་མ་ལུས་པ།
※ སྐྱིད་ན་ནམ་མཁའི་བྱ་ཡང་འཁོར།
སྡུག་ན་མཆན་གྱི་བུ་ཡང་བྲོས།