དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སྨིན་དྲུག་རི་མོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  རྫ་ཤུལ་བློ་བཟང་།   |     སྤེལ་དུས།  2024-11-17

    ཉི་མ་དྲོད་ཁོལ་ཆེ་བ། །

    ཟླ་བ་བསིལ་

    ཞིང་འཇམ་པ། །

    ཨ་ཅག་ཟླ་བ་སྒྲོལ་མ། །

    ང་ཡི་ཉི་ཟླ་འདྲ་བྱུང་། །

    ཉི་ཟླའི་རྣ་རྒྱན་ཆ་གཅིག །

    ཁྱེད་ཀྱི་ཕྱག་ཏུ་ཕུལ་ཡོད། །

    དུང་བའི་དར་དཀར་མདུད་པ། །

    བརྩེ་སེམས་གཙང་མའི་དན་རྟགས། །

    དྲན་པ་སྤྲིན་དང་བསྡེབས་ན། །

    བརྩེ་བའི་སྦྲང་ཆར་ཟམ་ཟིམ། །

    དུང་བའི་བསིལ་ཟེར་འཁྲིས་སུ། །

    ཚིག་གི་སྐར་ཚོམ་བཀྲ་བ། །

    ཕྱི་ཐག་ག

    ཙང་པོར་བསྲིངས་ཡོད། །

    དྲན་པ་མཚོ་ལ་བཤད་ཡོད། །

    སེམས་ཀྱི་སྐར་མ་ཨ་བརྟན། །

    རྨི་ལམ་ཞིག་གི་གྲོགས་ཡིན། །

    མགུར་

    མའི་ནང་གི་དབྱངས་འགྲོས། །

    ཟླ་བ་སྒྲོལ་མས་གནང་བྱུང་། །

    དུང་སེམས་འདུན་མའི་གཞས་ཆུང་། །

    ཚངས་དབྱངས་རྒྱ་མཚོའི་མགུར་ཚིག །

    ལྗོན་པའི་དྲི་

    བསུང་ལྡང་བྱུང་། །

    ལོ་འདབ་རླུང་གིས་གཡོས་སོང་། །

    ཚོར་བའི་འཇའ་རིས་ཡག་མོ། །

    ཤོག་དཀར་ངོས་སུ་ཕབ་ཡོད། །

    རི་བོ

    འི་གཟི་མདངས་མཛེས་པ། །

    ལྷ་ཤིང་ཤུག་པས་བརྒྱན་འདུག །

    བྱེའུ་ཆུང་འཇོལ་མོའི་སྐད་ངག །

    རྣ་བ

    འི་བུ་གར་སིམ་བྱུང་། །

    མཚོ་མོ་ཆུ་རིས་ཤིག་ཤིག །

    ང་ཡི་སེ

    མས་འགྱུ་འདྲ་བྱུང་། །

    གསེར་

    མིག་ཉ་མོ་འཁྱུག་འདྲའི། །

    ལུས་ཀྱི་སྟངས་སྟབས་ངོམ་སོང་། །

    ནགས་ཚལ་གཡུ་ལོའི་ཚལ་དུ། །

    ཁུ་བྱུ

    ག་གསུང་སྐད་ལྷང་ལྷང་། །

    མི་ཚེ

    ་དབྱངས་ལ་བསྡེབས་ཏེ། །

    སྐྱིད་པའི་གླུ་ཆུང་བླངས་ཡོད། །

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།