དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • བོད་བརྒྱུད་ནང་བསྟན་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་མཉམ་འདྲེས་ཧུར་ཐག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  དབྱང་ཞའོ། ཡོན་ཆོན། ཅི་ཡ་ལིན།   |     སྤེལ་དུས།  2024-11-16

    2020ལོའི་ཟླ་8པར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

    འདི་ནི་རྒྱུན་ཆད་མེད་པར་འགྱུར་ལྡོག་དང་ཟབ་ཏུ་འགྲོ་བའི་བརྒྱུད་རིམ་ཞིག་ཡིན།

    ཆོས་ལུགས་གང་ཞིག་གནས་ཐུབ་པ་དང་དར་བ་བྱེད་དགོས་ན། ངེས་པར་དུ་འདི་ཉིད་གནས་སའི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱ་རྒྱུ་དེ་ནི་འཛམ་གླིང་གི་ཆོས་ལུགས་འཕེལ་རྒྱས་དང་དར་བ་བྱེད་པའི་ཡོངས་ཁྱབ་ཀྱི་ཆོས་ཉིད་ཅིག་ཡིན།

    “ཆོས་ལུགས་ཀྱི་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་རང་རེའི་ཏང་གིས་རྒྱལ་སྐྱོང་སྲིད་འཛིན་ཐད་ངེས་པར་དུ་ཐག་གཅོད་ཡག་པོ་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་སུ་ཆོས་ལུགས་ལས་དོན་དེ་ཏང་དང་རྒྱལ་ཁབ་ལས་དོན་སྤྱི་ཡོངས་ཁྲོད་དམིགས་བསལ་ལྡན་པའི་གལ་ཆེའི་རང་བཞིན་དུ་བརྩིས་གནང་གི་ཡོད།

    བོད་བརྒྱུད་ནང་བསྟན་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ་བོད་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ཅིག་རེད། འཛམ་གླིང་ལ་བལྟས་ཚེ། ཆོས་ལུགས་རང་ས་ཅན་ནི་ཆོས་ལུགས་ཁག་གནས་ཐུབ་པ་དང་དར་བ་བྱེད་པའི་ཡོངས་ཁྱབ་ཀྱི་ཆོས་ཉིད་ཅིག་ཡིན་པ་དང་། བོད་བརྒྱུད་ནང་བསྟན་ནི་རང་རྒྱལ་གྱི་ནང་བསྟན་ཀྲུང་གོ་ཅན་གྱི་ཐོན་དངོས་ཤིག་ཡིན། སྤྱི་ལོའི་དུས་རབས་7པར། ནང་བསྟན་ཆོས་ལུགས་ཀྲུང་གོའི་ནང་ས་དང་ཨེ་ཤ་ཡ་ལྷོ་མ་ནས་མཚོ་བོད་ས་མཐོར་དར་བ་དང་། སངས་རྒྱས་ཀྱི་སྐུ་བརྙན་ལ་མཆོད་པ་འབུལ་ཆེད། སྲོང་བཙན་སྒམ་པོས་ལྷ་ལྡན་གཙུག་ལག་ཁང་དང་ར་མོ་ཆེ་གཙུག་ལག་ཁང་བཞེངས་དགོས་པའི་བཀའ་ཕབ།

    ལོ་ངོ་སྟོང་ལྷག་ཙམ་རིང་། གཙུག་ལག་ཁང་གཉིས་ཀྱི་རྒྱ་ཕིབས་ནས་གསེར་འོད་ཆེམ་ཆེམ་འཕྲོ་བ་དང་བསངས་ཀྱི་དུ་སྤྲིན་གང་སར་འཕྱུར་བཞིན་མཆིས། ནང་ས་ནས་དར་བའི་ནང་བསྟན་ཆོས་ལུགས་ཀྱང་ས་གཞི་དེའི་ཐོག་བོད་ཀྱི་རིག་གནས་དང་ཟམ་མི་ཆད་པར་མཉམ་འདྲེས་ཐུབ་ནས་མི་རིགས་ཀྱི་ཁྱད་ཆོས་དང་། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པ་དང་ཀྲུང་ཧྭའི་རིག་གནས་འདུས་པ་བཅས་ཀྱི་བོད་བརྒྱུད་ནང་བསྟན་གྲུབ་ནས་བོད་ཀྱི་སྤྱི་ཚོཌ་འཚོ་བའི་ཕྱོགས་གང་སར་ཁྱབ་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་གང་ཞིག་གནས་ཐུབ་པ་དང་དར་བ་བྱེད་དགོས་ན། ངེས་པར་དུ་འདི་ཉིད་གནས་སའི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱེད་དགོས། དེ་ནི་འཛམ་གླིང་གི་ཆོས་ལུགས་འཕེལ་རྒྱས་དང་དར་བ་བྱེད་པའི་ཡོངས་ཁྱབ་ཀྱི་ཆོས་ཉིད་ཅིག་ཡིན་ཞེས་ནན་བཤད་གནང་ཡོད།

    ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ཁོངས་སུ་ཡོད་པའི་བསམ་ཡས་གཙུག་ལག་ཁང་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་སངས་རྒྱས་དང་། ཆོས། དགེ་འདུན་བཅས་གསུམ་འདུས་སའི་དགོན་སྡེ་དང་པོ་དེ་ཡིན་པ་དེར་ཐང་རྒྱལ་རབས་དང་གནའ་བོའི་རྒྱ་གར་གྱི་ནང་བསྟན་གྱི་ཆོས་ལུགས་རིག་གནས་བསྡུ་ལེན་དང་། བོད་དང་། རྒྱ་ནག རྒྱ་གར་བཅས་ཀྱི་འཛུགས་སྐྲུན་གྱི་ཁྱད་ཆོས་ཟུང་དུ་འབྲེལ་ནས་ནང་བསྟན་བོད་དུ་ཐོག་མར་དར་བར་དཔང་པོ་བྱས་ཡོད།

    ལྷ་ལྡན་གཙུག་ལག་ཁང་དུ་ཡོད་པའི་ལོ་ངོ་200ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་གསེར་བུམ་ནས་སྔར་བཞིན་གསེར་འོད་ཆེམ་ཆེམ་འཕྲོ་ཞིང་། གོང་མ་ཆན་ལུང་གི་སྐབས་སུ་ཏཱ་ལ་དང་པཎ་ཆེན་སོགས་བླ་སྤྲུལ་ཆེ་ཁག་ངོས་འཛིན་བྱེད་པའི་ཁྲིམས་གཏན་འཁེལ་བའི་གོ་རིམ་ཞིག་ཡིན་པའི་ངོས་ནས། གསེར་བུམ་དཀྲུག་པའི་སྲོལ་དེ་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་སྐབས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་ཆོ་ག་ཞིག་ཏུ་གྱུར་ཡོད་ལ། ཀྲུང་དབྱང་སྲིད་གཞུང་གིས་བོད་ས་གནས་ཀྱི་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་དང་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བའི་ལོ་རྒྱུས་ཀྱི་དཔང་པོ་ཞིག་ཀྱང་རེད།

    “བོད་བརྒྱུད་ནང་བསྟན་དུས་རབས་དང་འཚམ་ཞིང་རང་འགུལ་ངང་འཕོ་འགྱུར་གཏོང་བའི་བརྒྱུད་རིམ་དེ་རིམ་བཞིན་ཀྲུང་གོ་ཅན་དུ་གྱུར་ཡོད”ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ལེང་ཅུན་ཡན་གྱིས་ཀྲུང་གོ་ཅན་ནི་བོད་བརྒྱུད་ནང་བསྟན་ད་བར་རྒྱུན་འཛིན་ཐུབ་ནས་གྲུབ་པའི་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་ཞིག་རེད་ཅེས་བརྗོད།

    ད་ཆ། བོད་བརྒྱུད་ནང་བསྟན་དེ་བས་དགེ་མཚན་ལྡན་པའི་རྣམ་པའི་ཐོག་ནས་སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་དུས་རབས་ཀྱི་འཕོ་འགྱུར་དང་འཚམ་བཞིན་ཡོད།

    སྐྱེ་ཁམས་འཛུགས་སྐྱོང་ནང་ཞུགས་པ།——

    ལྷ་ས་གྲོང་ཁྱེར་གྱི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱས་ཚུན། སེ་ར་དགོན་དང་། གཙུག་ལག་ཁང་། འབྲས་སྤུངས་དགོན། གནས་གནང་དགོན་སོགས་དགོན་སྡེ་ཁག་གིས་འབོད་སྐུལ་ལ་དང་ལེན་ཧུར་ཐག་ཞུས་ཏེ་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་དགེ་འདུན་པ་སྒྲིག་འཛུགས་ཐེངས་མང་བྱས་ནས་ཤིང་འཛུགས་ནགས་བཟོའི་ལས་ལ་གཞོལ་ཏེ་ལྷོ་རིའི་སྤྱི་གླིང་སྔོ་ལྗང་གིས་བརྒྱན་ཡོད།

    རིག་དངོས་སྲུང་སྐྱོབ་ལ་ཞུགས་པ།——

    རིག་དངོས་སྲུང་སྐྱོབ་ཀྱི་ཚན་པ་གལ་ཆེན་ཞིག་ཡིན་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་མང་པོར་རིག་དངོས་དང་མངོན་མིན་རིག་གནས་ཤུལ་བཞག་འབོར་ཆེན་ཉར་ཚགས་བྱས་པ་དཔེར་ན། འབྲས་སྤུངས་དགོན་གྱི་ཤིང་ཏ་ལའི་ལོ་མའི་དཔེ་ཆ་དང་། ཞབས་བརྟན་དགོན་གྱི་སྟོན་པའི་ལྷ་ཁང་། ལྷ་ལྡན་གཙུག་ལག་ཁང་གི་སྐུ་འདྲ་སོགས་ཡིན། རིག་དངོས་སྲུང་སྐྱོབ་དང་རིག་གནས་རྒྱུན་འཛིན་ཐད་དགོན་སྡེ་དང་དགེ་འདུན་པ་ཚོས་རང་འགུལ་ངང་གནའ་གཞུང་ཉམས་གསོ་དང་རིག་དངོས་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱབ་ནས་རིག་དངོས་དང་གནའ་གཞུང་ནང་འདུས་པའི་རྩ་ཆེའི་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་ཞིབ་འཇུག་དང་སྔོག་འདོན་བྱས་ཡོད།

    དད་ལྡན་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་པ།——

    མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོར་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་བཙས་མ་བརྔ་རོགས་བྱེད་པ་ནི་འཁོར་ཆགས་དགོན་གྱི་དགེ་འདུན་པའི་སྲོལ་རྒྱུན་ཞིག་ཏུ་གྱུར་ཡོད། ངལ་གསོའི་སྐབས། ཡུལ་མི་ཚོས་གྲོང་ཚོར་རྩོད་གཞི་ཆུང་ངུ་ཞིག་ཐོན་ཡོད་ལུགས་སྐོར་གླེང་སྐབས། འཁོར་ཆགས་དགོན་གྱི་དགེ་འདུན་པ་བསོད་ནམས་རིན་ཆེན་གྱིས་རང་འགུལ་ངང་ཉེན་རྟོག་པ་དང་གྲོང་སྡོད་ལས་བྱེད་པར་ཞུ་དགོས་པའི་གྲོས་འགོ་བཏོན་པ་རེད།

    ལོ་ལྟར་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་ཟླ་བར། བསོད་ནམས་རིན་ཆེན་གྱིས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་མཉམ་དུ་དགོན་སྡེ་དང་གྲོང་ཚོར་བཅའ་ཁྲིམས་སྒྲོག་འགྲེལ་བྱེད་པར་འགྲོ་གི་ཡོད། ད་ཆ“དོན་དག་འཕྲད་ན་ཁྲིམས་ལ་བརྟེན་པ་དང་ཁྲིམས་ལྟར་དོན་དག་སྒྲུབ་པའི”འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་བརྒྱུད་ནང་བསྟན་གྱི་འཕེལ་རྒྱས་དེ་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བ་དང་སྤྱི་ཚོགས་བརྟན་ལྷིང་ལ་ཕན་འདོགས་པར་བྱེད་དགོས”ཞེས་གསུངས་ཡོད། སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པའི་བོད་བརྒྱུད་ནང་བསྟན་གྱིས་དབུལ་སྐྱོར་དཀའ་སེལ་དང་། ཆོས་དར་དགེ་སྒྲུབ། བབ་ཆགས་གྲོན་ཆུང་བཅས་ཀྱི་འདུ་ཤེས་དར་སྤེལ་ཧུར་ཐག་བཏང་ནས་དད་ལྡན་མང་ཚོགས་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུས་ཏེ་སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་པ་དང་སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་པར་དགེ་མཚན་ལྡན་པའི་ནུས་པ་བཏོན་ནས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱལ་གཅེས་ཁྱིམ་ཞེན་གྱི་བརྩེ་སེམས་གང་ལེགས་མངོན་པར་བྱས་ཡོད།

    རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་དང་ལྷག་པར་དུ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་པ།

    བོད་དུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་1700ལྷག་ཙམ་གོ་རིམ་ལྡན་པའི་ངང་སྤྱོད་བཞིན་ཡོད། ཆོས་ལུགས་ཞི་མཐུན་ཡོང་བ་བྱ་རྒྱུ་དེ། ཆོས་ལུགས་ལས་དོན་གྱི་དོ་དམ་ཁྲིམས་སྐྱོང་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་ཀྱི་འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་ཁ་འབྲལ་ཐབས་མེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཆོས་ལུགས་ལས་དོན་གྱི་དོ་དམ་དང་ལྷག་པར་དུ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་དགོས”ཞེས་ནན་བཤད་གནང་ཡོད།

    “ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱ་རྒྱུ”ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན། དེ་ནི་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་འཕེལ་རྒྱས་དང་འཚམ་མཐུན་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ལྡོག་མེད་ཀྱི་གདམ་ག་ཞིག་ཡིན་ལ། ཆོས་དད་རང་མོས་འགན་ལེན་གང་ལེགས་བྱེད་པ་དང་ཆོས་ལུགས་ཁྱབ་ཁོངས་མུ་མཐུད་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་ཡིན།

    ཁྲིམས་སྲོལ་རེ་རེ་བཞིན་ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་དེས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་དོན་ཚད་ལྡན་ཅན་གྱི་འཕེལ་རིམ་བཀོད་ཡོད།——

    2007ལོར《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས》ལག་བསྟར་བྱས་པར་བརྟེན་ལམ་ལུགས་ཀྱི་ཐོག་ནས་ཆོས་ལུགས་རྒྱུན་འཛིན་བྱེད་ཐབས་ལ་བརྩི་འཇོག་གང་ལེགས་ཐོབ་པ་དང་སྤྲུལ་སྐུའི་ཡང་སྲིད་གོ་རིམ་ལྡན་པའི་ངང་རྒྱུན་འཛིན་ལ་འགན་ལེན་གང་ལེགས་ཐུབ་ཡོད། 2022ལོའི་ལོ་མཇུག་བར་ཡང་སྲིད་གསར་པ་93ངོས་འཛིན་ཞུས་ཡོད།

    2017ལོར་བཟོ་བཅོས་བརྒྱབ་རྗེས་ཀྱི《ཆོས་ལུགས་ལས་དོན་སྲོལ་ཡིག》ལ་གྲོས་འཆམ་བྱུང་བ་དང་། 2023ལོར《ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་དོ་དམ་བྱ་ཐབས》ལག་བསྟར་བྱས་པ། 《བོད་རང་སྐྱོང་ལྗོངས་ཀྱི〈ཆོས་ལུགས་ལས་དོན་སྲོལ་ཡིག〉ལག་བསྟར་བྱ་ཐབས》སོགས་ས་གནས་ཀྱི་ཁྲིམས་སྲོལ་ཁྱབ་བསྒྲགས་དང་ལག་བསྟར་བྱས་ཡོད། བཅའ་ཁྲིམས་ལྟར་ལག་བསྟར་དང་ཁྲིམས་ལྟར་བཅོས་སྐྱོང་བྱས་པར་བརྟེན་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འགན་ལེན་འོག་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་ཐུབ་ཡོད།

    ལམ་ལུགས་རེ་རེ་བཞིན་བཏོན་པ་དང་འཐུས་སྒོ་ཚང་དུ་བཏང་བ་དེ་ཐོག་ནས་བོད་བརྒྱུད་ནང་བསྟན་དགོན་སྡེ་དོ་དམ་བྱེད་ཐབས་དེང་རབས་ཅན་གྱི་འཕོ་འགྱུར་མངོན་ཡོད།——

    བླ་མ་སྐྱེས་ཆེན་དང་། གྲྭ་བཙུན་གྱི་འཐུས་མི། ལས་བྱེད་པ་བཅས་ལས་གྲུབ་པའི་དགོན་སྡེ་དོ་དམ་ཨུ་ལྷན་ནམ་ཡང་ན་ཡུག་ཁུལ་དོ་དམ་ཨུ་ལྷན་གྱིས་ཐུན་མོང་ཐོག་དོ་དམ་ཞབས་ཞུའི་ལས་དོན་སྤེལ་ཡོད། དགོན་སྡེའི་སྒྲིག་སྲོལ་དང་གྲྭ་བཙུན་གྱི་འདུལ་ཁྲིམས་བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་གཏོང་བ་དང་ལག་བསྟར་ཨུ་ལྷན་སོགས་ཀྱི་ལམ་སྲོལ་གསར་པ་བཟོས་པའི་བར་དང་། དེ་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱས་ནས་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པའི་བར་དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་གཞུང་འཁྱོངས་གསར་འབྱེད་ཁྲོད་རྒྱུན་ཆད་མེད་པར་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད།

    2023ལོའི་ཟླ་9པར། ནག་ཆུ་གྲོང་ཁྱེར་ཞབས་བརྟན་དགོན་དུ་དུས་འགོའི་འོས་སྦྱོར་དང་། ཕྱོགས་བསྡུས་རྟོག་ཞིབ། གཅིག་སྡུད་གྲོས་མོལ། འདེམས་ཤོག་འཕངས་ནས་འདེམས་བསྐོ་བཅས་བྱས་པ་བརྒྱུད་མི་13ལས་གྲུབ་པའི་ལས་བསྟར་ལས་དོན་ཨུ་ཡོན་ལྷན་ཁང་སྐབས་དང་པོ་བཙུགས་ཡོད། “ལོ་ན་གཞོན་ཞིང་འཇོན་ཐང་ལྡན་པ་དང་། ཆབ་སྲིད་ཐོག་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཀྱི་དགེ་འདུན་པ་ཁག་གཅིག་བདམས་ནས་དགོན་སྡེའི་དོ་དམ་ལ་གསོན་ཤུགས་བསྣན་ཡོད”ཞབས་བརྟན་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ནོར་བུ་དབང་ཕྱུག་གིས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་མཛུབ་ཁྲིད་འོག་ལག་བསྟར་ལས་དོན་པས་དགོན་སྡེའི་རང་ངོས་དོ་དམ་གསར་གཏོད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་འཕྲོད་བསྟེན་དང་། བདེ་འཇགས། རྒྱབ་ཕྱོགས་མཁོ་སྒྲུབ། ཆོས་ཕྱོགས་སོགས་ཀྱི་ལས་དོན་ལས་བགོས་བརྒྱབ་ནས་ཡག་པོ་བསྒྲུབས་པས་ཚང་མའི་ཧུར་སེམས་འཕེལ་ཡོད་ཅེས་བཤད།

    ཞབས་ཞུའི་རྣམ་གྲངས་རེ་རེ་བཞིན་འཐུས་སྒོ་ཚང་དུ་བཏང་ནས་ཆོས་ལུགས་ལས་རིགས་མི་སྣའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་ཧུར་ཐག་བྱས་པའི་དཔང་པོ་བྱས་པ།——

    ལོ་དེ་དག་ནང་དགོན་སྡེའི་མཁྲེགས་ཆས་འཐུས་སྒོ་ཚང་དུ་ཕྱིན་པའི་སྐོར་གླེང་སྐབས། བོད་ལྗོངས་ནང་བསྟན་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་པའི་སྤེན་པ་ཚེ་རིང་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་ཆུང་དུས་ནས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་འབྲུག་ལ་དགོན་དུ་སྒོམ་སྒྲུབ་གནང་མྱོང་ཡོད། དེ་སྔ་ཆུ་དང་གློག་མེད་པའི་དབང་གིས་འཚོ་བའི་ཐད་དཀའ་ངལ་ཆེན་པོ་འཕྲད་ཡོད། རང་སྐྱོང་ལྗོངས་ཀྱི“ཡོད་པ་དགུའི”ལས་གྲྭའི་སྐུལ་འདེད་འོག་རི་གྲོང་ཆུང་ངུར་ཆགས་པའི་འབྲུག་ལ་དགོན་དུ་ཆུ་དང་གློག་ཁྲིད་པ་མ་ཟད། སྣུམ་ནག་ལམ་དགོན་པའི་སྒོ་རྩ་བར་བཏིང་ཡོད། སྤེན་པ་ཚེ་རིང་གིས“དགོན་སྡེར་ད་དུང་དགོན་པའི་དཔེ་དེབ་ཁང་ཡང་བཙུགས་ཡོད། ངས་དུས་རྒྱུན་ལག་ཐོགས་ཁ་པར་དང་སྨྱན་སྦྱོར་སྣ་ཚོགས་བརྒྱུད་ཆ་འཕྲིན་ཤེས་རྟོགས་དང་འཛམ་གླིང་གི་གནས་ཚུལ་ཤེས་རྟོགས་བྱེད་ཀྱི་ཡོད”ཅེས་བཤད།

    སི་ཁྲོན་མི་རིགས་སློབ་གླིང་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཡོན་ཀྲང་གཞོན་པ་ལྷ་རྒྱལ་དོན་གྲུབ་ཀྱིས“ཆོས་ལུགས་ལས་རིགས་མི་སྣའང་མི་དམངས་མང་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པས། རྒྱལ་ཁབ་ཀྱི་སྨན་བཅོས་དང་སློབ་གསོའི་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཀྱི་ཕན་པ་ལོངས་སུ་སྤྱོད་ཆོག”ཅེས་བཤད།

    གངས་ལྗོངས་ས་མཐོར་དགོན་སྡེའི་གྲྭ་བཙུན་གྱི་སྤྱི་ཚོགས་འགན་ལེན་ཐོབ་ཐང་ལོ་རེ་བཞིན་ལེགས་སུ་ཕྱིན་ནས་སྒྲིག་ཁོངས་གྲྭ་བཙུན་གྱི་སྨན་བཅོས་འགན་བཅོལ་དང་། རྒན་གསོའི་འགན་བཅོལ། མ་མཐའི་འཚོ་བའི་འགན་ལེན། བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ། གཟུགས་པོར་བརྟག་དཔྱད་སོགས་ཁྱོན་ཡོངས་ལ་ཁྱབ་པ་དང་དགོན་སྡེ་མང་ཆེ་བར་ལམ་དང་། འཕྲིན་གཏོང་། ཆུ། གློག རླུང་འཕྲིན་བརྙན་འཕྲིན་བཅས་ཤར་གཏོང་ཐུབ་ནས་རྒྱ་ཆེའི་གྲྭ་བཙུན་གྱི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་སྔར་བས་དེང་རབས་ཅན་དུ་གྱུར་པ་དང་དགོན་སྡེ་དང་དགེ་འདུན་པའི་ཁེ་དབང་ལ་སྔར་བས་འགན་ལེན་ཐུབ་ཡོད།

    བོད་དང་ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་དུ་ཆོས་ལུགས་ཀྱི་བྱེད་སྒོ་ཁག་སྔར་བས་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་དུ་གྱུར་ནས་ཆོས་དད་རང་མོས་ལ་འགན་ལེན་གང་ལེགས་ཐུབ་ཡོད། ཐོབ་སྣང་དང་སྐྱིད་སྣང་ཇེ་ཆེར་ཕྱིན་པའི་གྲྭ་བཙུན་ཚོའི་རྒྱལ་གཅེས་ཆོས་གཅེས་ཀྱི་བརྩེ་སེམས་སྔར་བས་ཟབ་ཏུ་ཕྱིན་ཡོད།

    བསྟན་དོན་དང་འདུལ་ཁྲིམས་ཁྲོད་ཀྱི་སྤྱི་ཚོགས་ཞི་མཐུན་དང་། དུས་རབས་ཡར་རྒྱས། སྐྱོན་བྲལ་ཤེས་དཔལ་བཅས་ལ་ཕན་པའི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ་འདུལ་ཁྲིམས་དང་བསྟན་དོན་ལ་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་གྱི་བླང་བྱ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་འཚམ་པའི་སྒོ་ནས་འགྲེལ་བཤད་བརྒྱབ་ཡོད།

    བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཚོགས་ཁང་དུ་འཚོགས་པའི་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་འཆད་འགྲེལ་སྤེལ་རེས་ཚོགས་འདུ་སྐབས་དགུ་པར་གྲྭ་བཙུན་གྱི་འཐུས་མི་200ལྷག་ཙམ་མཉམ་དུ་འཛོམས་ནས་སྤེལ་རེས་དང་གྲོས་བསྡུར་བྱས་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ཁག་གི་གཞི་རྩའི་དད་མོས་དང་། ལྟེ་བའི་བསྟན་དོན། གུས་སྲོལ་ལམ་ལུགས་བཅས་རྒྱུན་འཁྱོངས་ལ་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག བསྟན་དོན་དང་འདུལ་ཁྲིམས་ཁྲོད་ཀྱི་སྤྱི་ཚོགས་ཞི་མཐུན་དང་། དུས་རབས་ཡར་ཐོན། སྐྱོན་བྲལ་ཤེས་དཔལ་བཅས་ལ་ཕན་ཐོགས་ཡོད་པའི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ། བསྟན་དོན་དང་འདུལ་ཁྲིམས་ལ་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་གྱི་བླང་བྱ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་འཚམ་པའི་འཆད་འགྲེལ་བྱེད་དགོས་ཞེས་གསུངས་ཡོད།

    བསྟན་དོན་དང་འདུལ་ཁྲིམས་ནི་ཆོས་ལུགས་མི་སྣའི་བསམ་བློ་དང་བྱ་སྤྱོད་ཀྱི་ཚད་གཞི་ཡིན། བསྟན་དོན་དང་འདུལ་ཁྲིམས་འཆད་འགྲེལ་བྱེད་པར་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་པོ་ཡོད་དགོས་ལ། རྒྱལ་གཅེས་ཀྱི་བསམ་བློའི་རྨང་གཞི་མངོན་པར་ཡང་བྱེད་དགོས།

    “ཆོས་གཅེས་བྱེད་པར་རྒྱལ་གཅེས་སྔོན་འགྲོར་བྱེད་དགོས”ཞེས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་དར་རྒྱས་གླིང་དགོན་དུ་གཟའ་འཁོར་རེར་འཚོགས་པའི་སློབ་སྦྱོང་ཚོགས་འདུའི་ཐོག་དཔེ་ཆའི་དགེ་རྒན་ཕུན་ཚོགས་རྣམ་གྲོལ་གྱིས་རྒྱུན་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་དགེ་འདུན་པ་ཚོའི་གཏམ་རྒྱུད་ཤོད་ཀྱི་ཡོད།

    “པཎ་ཆེན་སྐུ་ཕྲེང་དྲུག་པས་སྐུ་ཚེ་གང་པོར་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་གནང་བ་དང་སློབ་དཔོན་དགེ་བཤེས་ཤེས་རབ་རྒྱ་མཚོས་སེར་སྐྱ་སྐུལ་སློང་བྱས་ཏེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་རི་འགོག་གནང་ཡོད”ཅེས་ཕུན་ཚོགས་རྣམ་གྲོལ་གྱིས་བརྗོད་པ་དང་། ཁོང་གིས་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་ཤིན་ཏུ་མང་བ་དང་ཕུལ་བྱུང་མི་སྣ་ཧ་ཅང་མང་པོ་ཡོད། ཁོང་ཚོའི་རྒྱལ་གཅེས་ཆོས་གཅེས་དང་། མཐུན་སྒྲིལ་ཡར་ཐོན། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འདུ་ཤེས་དང་། སྡིག་སྤོང་དགེ་སྒྲུབ་དང་། བཏང་སྙོམས་ཁོང་ཡངས། འགྲོ་ཀུན་བདེ་འཁོད་སོགས་ཀྱི་བསམ་བློ་བཟང་པོ་དེ་དུས་ད་ལྟའང་སྔར་བཞིན་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཚོས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པ་ཞིག་ཡོད་ཅེས་བརྗོད།

    དཔེ་ཁྲིད་འཆད་འགྲེལ་བྱེད་སྐབས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རང་འགུལ་ངང་དང་ལེན་བྱེད་དགོས་པ་དང་། གསུང་རབ་ཀྱི་བསྟན་དོན་འཆད་འགྲེལ་བྱེད་སྐབས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མཉམ་འདྲེས་བྱེད་དགོས།

    ད་ལོ་ལོ་33ལ་སླེབས་པའི་ཁྱུང་པོ་ངག་དབང་བྱམས་པ་རྒྱལ་མཚན་ནི་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་བཀྲ་ཤིས་དགེ་འཕེལ་དགོན་གྱི་ཁྱུང་པོ་སྐུ་ཕྲེང་གསུམ་པ་རེད། “སྟོན་པ་ཤཱཀྱ་ཐུབ་པས་སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་གསོག་ཅེས་གསུངས་ཡོད། དེ་ནི་ང་ཚོའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་སྡིག་སྤོང་དགེ་སྒྲུབ་ཀྱི་ཕུལ་བྱུང་ཀུན་སྤྱོད་དང་ངོ་བོ་གཅིག་མཚུངས་རེད”ཅེས་ཁྱུང་པོ་ངག་དབང་བྱམས་པ་རྒྱལ་མཚན་གྱིས་བསྟན་དོན་འཆད་འགྲེལ་བྱེད་སྐབས་དེང་རབས་མིའི་བསམ་བློ་དང་། སྐད་ཆ། ཡི་གེ་བཅས་ཀྱི་ཐོག་ནས་མཚོན་པར་བྱ་རྒྱུར་མཐོང་ཆེན་བྱེད་པ་དང་། དོན་དངོས་ཁྲོད་ཀྱི་སྤྱི་ཚོགས་ཀྱི་གནད་དོན་ལ་དོ་ཁུར་བྱས་ནས་གསུང་རབ་ལ་དུས་རབས་ཀྱི་དགོས་མཁོ་དང་འཚམ་པ་དང་དད་ལྡན་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་སྒོ་ནས་འཆད་འགྲེལ་གསར་པ་བྱེད་ཀྱི་ཡོད།

    རྒྱལ་གཅེས་ཆོས་གཅེས་དང་མཁྱེན་རྒྱ་ཡངས་པའི་དེང་རབས་ཀྱི་དགེ་འདུན་པ་གསོ་སྐྱོང་བྱེད་པར་ཞིབ་འཇུག་དང་། འཆད་འགྲེལ། ཡིག་སྒྱུར་བཅས་ཀྱི་ཐད་ཚད་བརྒལ་ཡོང་བར་བྱེད་དགོས་པ་མ་ཟད། ད་དུང་སློབ་ཁྲིད་དང་། སློབ་སྦྱོང་། སྒྱུར་བཅོས་བཅས་ཀྱི་ཐད་དུས་བསྟུན་འཕེལ་རྒྱས་ཡོང་བར་བྱས་ནས་སྲོལ་རྒྱུན་སློབ་གསོ་དང་དེང་རབས་སློབ་གསོ་ཕན་ཚུན་མཉམ་འདྲེས་དང་སྲོལ་རྒྱུན་གྱི་སློབ་གནས་དང་དེང་རབས་ཀྱི་སློབ་གནས་ལམ་ལུགས་ཕན་ཚུན་འབྲེལ་མཐུད་ཐུབ་པར་བྱེད་དགོས།

    ཚན་ཞིབ་ཐོག་ཁང་གི་ལྟ་ཀློག་ཁང་གི་སྒྲོག་ཙེའི་ཐོག་བཀྲམ་པའི《མི་དམངས་ཉིན་རེའི་ཚགས་པར》(བོད་ཡིག་ཚགས་པར)ཁ་ཕྱེ་ནས་བཞག་འདུག ལོ་མང་རིང《མི་དམངས་ཉིན་རེའི་ཚགས་པར》(བོད་ཡིག་ཚགས་པར)བོད་ལྗོངས་དང་། མཚོ་སྔོན་དང་། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་གི་སྲིད་འཛིན་གྲོང་ཚོར་འགྲེམས་སྤེལ་བྱས་པས། ད་ཆ་ཚགས་པར་དེ་གྲྭ་བཙུན་ཚོས་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཤེས་རྟོགས་དང་། བཅའ་ཁྲིམས་ཤེས་བྱ་སློབ་སྦྱོང་། རྒྱལ་གཅེས་ཀྱི་བརྩེ་སེམས་སྐྱེད་སྲིང་བཅས་བྱེད་པའི་སྟེགས་བུ་གལ་ཆེན་དུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།