གཏམ་དཔེ་རྣ་བའི་བུ་རམ།
སྒྲོན་མེ་འོད་གསལ་ཡང་།
རང་གི་ཞབས་ར་མི་མཐོང་།
ཨ་ཇོ་མདོག་རིས་ཞན་ཡང་།
སྐྱེ་ས་ལྷ་སའི་བར་སྐོར།
རྟེན་འབྲེལ་མགོ་ནས་འགྲིག་ན།
བྱ་བ་གཞུག་ནས་འགྲུབ་ཡོང་།
མར་མེ་གཟིམས་ཁར་འོད་ཆེ།
བསོད་ནམས་ཟད་ཁར་འུར་ཆེ།
སྒོག་པ་ལྐོག་ཏུ་བཟས་ཀྱང་།
སྒོག་དྲི་ངོས་ལ་ཁ་ཡོང་།
ཁོག་ནང་ནད་མེད་ན།
གདོང་ལ་དྲེག་པ་འཁོར་དོན་མེད།