དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག
  • མངོན་མིན་རིག་གནས་ཤུལ་བཞག་བསླབས་ནས་སློབ་མའི་གུང་གསེང་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-19

    ཉེ་ཆར། བྲག་ཡིབ་ཆུས་རིག་གནས་ཡུལ་སྐོར་ཅུས་ཀྱིས་གཉེར་བའི་བྲག་ཡིབ་ཆུས་ཀོང་པོའི་སྒྲ་སྙན་བོ་གཏོང་གི་སྤྱི་ཕན་གསོ་སྦྱོང་འཛིན་གྲྭ་ཕུན་སུམ་ཚོགས་པོས་སློབ་མཇུག་འགྲིལ་བ་རེད། སློབ་མཇུག་འགྲིལ་བའི་འཁྲབ་སྟོན་བྱེད་སྐབས་སློབ་མ་ཚོས་སྙན་འཇེབས་ལྡན་པའི་འགྱུར་ཁུག་དང་ཉམས་སྣང་དོད་པའི་སྟངས་སྟབས་ལ་བརྟེན་ནས་ཀོང་པོའི་སྒྲ་སྙན་བོ་གཏོང་གི་དམིགས་བསལ་གྱི་ཉམས་འགྱུར་མངོན་པར་བྱས་ཡོད། ཀོང་པོའི་སྒྲ་སྙན་བོ་གཏོང་ནི་ཉིང་ཁྲིའི་སྲོལ་རྒྱུན་རོལ་དབྱངས་ཤིག་ཡིན་ལ། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཀྱང་ཡིན་ཞིང་། ད་རེས་སྤྱི་ཕན་གསོ་སྦྱོང་འཛིན་གྲྭའི་ཐོག་ཉམས་མྱོང་ཕུན་སུམ་ཚོགས་ལ། དཀྲོལ་གཏོང་ལ་མཁས་པའི་སྒྲ་སྙན་དགེ་རྒན་སློབ་ཁྲིད་བྱེད་པར་གདན་དྲངས་ཏེ་སློབ་མ་ཚོར་ཀོང་པོའི་སྒྲ་སྙན་བོ་གཏོང་གི་དཀྲོལ་སྟངས་དང་། རོལ་དབྱངས་ཀྱི་རིགས་པའི་གཞུང་ལུགས། རིག་གནས་ཀྱི་ནང་དོན་བཅས་བསླབས་ཡོད། འདི་ནི་བྲག་ཡིབ་ཆུས་ཀོང་པོའི་སྒྲ་སྙན་བོ་གཏོང་གི་སྤྱི་ཕན་གསོ་སྦྱོང་འཛིན་གྲྭའི་སློབ་མཇུག་འགྲིལ་བའི་འཁྲབ་སྟོན་ཐོག་སློབ་མ་ཚོས་སྒྲ་སྙན་དཀྲོལ་གཏོང་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།