དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • “འགྲུལ་འཁོར་ཆེ་མོར་བསྡད་དེ་ཀྲུང་གོར་བལྟ·བོད་དུ་སྐྱོད་པའི”མཉམ་འདྲེས་སྨྱན་སྦྱོར་གྱི་བྱེད་སྒོ་ཆེ་གྲས།

    འཛམ་གླིང་ཡང་རྩེ—ཇོ་མོ་གླང་མའི་སྙན་ངག་རོལ་དབྱངས་འདུ་ཚོགས་གཞིས་རྩེར་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-16

    ཉེ་ཆར་འཛམ་གླིང་ཡང་རྩེ—ཇོ་མོ་གླང་མའི་སྙན་ངག་རོལ་དབྱངས་འདུ་ཚོགས་ཇོ་མོ་གླང་མའི་འདབས་ཀྱི་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་པ་གསུམ་གྲོང་ཚོར་གཉེར་བ་དང་དེའང་འཛམ་གླིང་ཡང་རྩེར་མཉམ་འདྲེས་སྨྱན་སྦྱོར་གྱི་སྙན་ངག་རོལ་དབྱངས་འདུ་ཚོགས་ཆེ་གྲས་གཉེར་ཐེངས་དང་པོ་དེ་རེད།

    ཐེངས་འདིའི་སྙན་ངག་རོལ་དབྱངས་འདུ་ཚོགས་ནི་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། གཞིས་རྩེ་གྲོང་ཁྱེར་སོགས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་དེ་ནི“རི་ཀླུང་བརྒལ་ནས་སྐལ་བཟང་མེ་ཏོག་བཞད་སར་སྐྱོད—འགྲུལ་འཁོར་ཆེ་མོར་བསྡད་དེ་ཀྲུང་གོར་བལྟ·བོད་དུ་སྐྱོད་པའི”མཉམ་འདྲེས་སྨྱན་སྦྱོར་གྱི་བྱེད་སྒོ་ཆེ་གྲས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། ས་གནས་ས་ཐོག་ཏུ་རྒྱལ་ཁབ་ཕྱི་ནང་གི་སྙན་ངག་དང་། རོལ་དབྱངས། རིག་གནས། སྒྱུ་རྩལ། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་སྐུ་མགྲོན་ཇོ་མོ་གླང་མའི་འདབས་སུ་འཛོམས་ནས་སྙན་ངག་དང་རོལ་དབྱངས་ལ་བརྟེན་ནས་ཇོ་མོ་གླང་མའི་རང་བྱུང་གི་མཛེས་སྡུག་དང་། སྐྱེ་ཁམས་ཀྱི་མཚར་སྡུག མི་ཆོས་ཀྱི་ངོ་མཚར་བཅས་དང་དུས་རབས་གསར་པའི་འབད་འབུངས་བའི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།

    གོམ་སྟབས་རྗེས་མར“འགྲུལ་འཁོར་ཆེ་མོར་བསྡད་དེ་ཀྲུང་གོར་བལྟ·བོད་དུ་སྐྱོད་པའི”ཐད་གཏོང་ཚོགས་པས་མུ་མཐུད་ཆབ་མདོ་དང་མངའ་རིས་སོགས་སུ་བསྐྱོད་དེ་སྨྱན་སྦྱོར་ཐོན་ཁུངས་ཀྱི་ལེགས་ཆ་སྔར་བས་བཏོན་ནས་ཕྱོགས་ཡོངས་དང་འབུར་ཐོན་རྣམ་པའི་སྒོ་ནས་བོད་ཀྱི་རང་བྱུང་མཛེས་ལྗོངས་ཀྱི་མཚར་སྡུག་དང་། ལོ་རྒྱུས་དང་མི་ཆོས་ཀྱི་མཛེས་སྡུག མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ཀྱི་ངོ་མཚར། བསྟུན་མཁས་སྒོ་དབྱེའི་ཉམས་འགྱུར་བཅས་བསྟན་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་གཏམ་རྒྱུད་གླེང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།