དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • རྒྱལ་པོས་མེ་ལོང་ལ་ལྟ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-29

    སྔར་ཡུལ་ཞིག་ན་རྒྱལ་པོ་ཞིག་དང་གཡོག་པོ་དོན་གྲུབ་ཟེར་བ་ཞིག་ཡོད། ཐེངས་ཤིག་རྒྱལ་པོས་དོན་གྲུབ་དང་བཀའ་མོལ་གནང་བཞིན་ཞོར་དུ་མེ་ལོང་ལ་ལྟ་ཙམ་བྱས་པས། རང་ཉིད་མདོག་ཧ་ཅང་ཉེས་པོ་ཡོད་པ་མཐོང་ནས་ཁོང་ཁྲོ་དང་བཅས་དོན་གྲུབ་ལ། ང་མདོག་ཉེས་པོ་འདི་འདྲ་ཡོད་དོན་གང་ཡིན་ནམ། ད་ཕྱིན་ཆད་ངས་མེ་ལོང་ལ་གཏན་ནས་ལྟ་ཡི་མིན་ཞེས་བཤད་པས། དོན་གྲུབ་ཀྱིས། མི་རྗེ་ཆེན་པོ་ལགས། ཁྱེད་ཀྱིས་སྐུ་ཉིད་ཀྱི་ཞལ་རས་ལ་ཐེངས་གཅིག་གཟིགས་པ་ཙམ་གྱིས་གཟིགས་འདོད་མེད་པ་འདི་འདྲ་གནང་གི་འདུག ང་ཚོས་སྐུ་ཉིད་ཀྱི་ཞལ་རས་ལ་ཉིན་རེར་ཐེངས་བཅུ་གྲངས་མཇལ་དགོས་བྱུང་ནའང་སྔར་བཞིན་བཟོད་སྒོམ་བྱས་ནས་མ་མཇལ་རང་མཇལ་རེད་ཅེས་བཤད་དོ།།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།