དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བཅོས་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-29

    གནའ་སྔ་མོ་ལུང་པ་ཞིག་ལ་གཏོང་ཕོད་ཆེ་ཞིང་སེར་སྣ་དང་བྲལ་བའི་སྐད་གྲགས་ཅན་གྱི་མི་ཚང་ཕྱུག་པོ་ཞིག་ཡོད་པ་བཅོས་མ་ཞེས་པའི་མི་དེས་ཤེས་རྗེས། ཁོས་དེ་མ་ཉིད་དུ་གོས་ཧྲུལ་གྱོན་ཞིང་འཁར་རྒྱུག་འཁྱེར་ཏེ་མི་ཚང་ཕྱུག་པོ་དེའི་སྒོ་འགྲམ་དུ་ལྟོ་སློང་བར་བསྐྱོད། མི་ཚང་ཕྱུག་པོ་དེའི་སྦྱིན་བདག་གིས་སྤྲང་པོའི་ཆ་བྱད་སྤྲས་པའི་བཅོས་མ་ཞེས་པའི་མི་དེ་མཐོང་རྗེས་ཁོ་ལ་ལྟོ་སྟེར་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་དམའ་འབེབས་ལུང་པ་གང་བཏང་ནས་ཁོ་ཕྱིར་ཕུད།

    ཡང་ཉིན་ཞིག་བཅོས་མ་ཞེས་པའི་མི་དེས་རྒྱན་གོས་ལེགས་པར་སྤྲས་ཏེ་སླར་ཡང་མི་ཚང་ཕྱུག་པོ་དེའི་སྒོ་འགྲམ་དུ་ལྟོ་སློང་བར་སོང་ཞིང་། མི་ཚང་ཕྱུག་པོའི་སྦྱིན་བདག་གིས་བཅོས་མ་ཞེས་པའི་མི་དེ་མཐོང་རྗེས་ཁོ་ཁྱིམ་དུ་བསུས་ནས་ཤ་ཆང་སོགས་ཀྱི་སྣེ་ལེན་གྲ་རྒྱས་བྱས་པས། བཅོས་མས་མདུན་གྱི་ལྕོག་ཙེའི་སྒང་དུ་དངུལ་སྦར་མོ་གང་བཞག་ཐོག་ཁྲེལ་དགོད་དང་བཅས། མི་ཚང་ཆེ་མོའི་སྦྱིན་བདག་ལགས། ཁ་སྔོན་ངས་སློང་ཆས་སྤྲས་ནས་ཁྱེད་ཀྱི་གཟིམ་ཁང་གི་སྒོ་རྩར་ལྟོ་སློང་བར་ཡོང་དུས། ཁྱེད་ཀྱིས་ལྟོ་སྦྱིན་རྒྱུ་ལྟ་ཅི། ང་ལ་དམའ་འབེབས་རྫོགས་རྒྱུ་མེད་པ་བཏང་ནས་ཕྱིར་ཕུད་བྱུང་། དེ་རིང་ངས་རྒྱན་གོས་ལེགས་པོ་ཞིག་གྱོན་ནས་ཡང་བསྐྱར་བཅར་དུས་ཁྱེད་ནས་སྣེ་ལེན་གྲ་རྒྱས་འདི་འདྲ་གནང་བྱུང་བས། དངུལ་དེ་ངའི་སེམས་པའི་ཁྱད་ཡིན་པས་ཕར་ལ་བཞེས་རོགས། འོན་ཀྱང་དངུལ་དེ་ངས་ཁྱེད་ལ་ཕུལ་བ་མ་ཡིན་པར། ངའི་རྒྱན་གོས་ཀྱིས་ཁྱེད་ལ་ཕུལ་བ་ཞིག་ཡིན་པ་ཁྱེད་ཀྱིས་མཁྱེན་པ་གནང་རོགས་ཞེས་བཤད་དེ། ལྟག་པ་དགྱེ་ཞོར་ཁྱིམ་ཚང་དེ་ནས་ཁ་བྲལ་ལོ།།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།