དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ངའི་སེམས་ནང་གི་སྟོན་ཁ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཚེ་བརྟན་རྡོ་རྗེ།   |     སྤེལ་དུས།  2024-09-24

    ལྕང་ལོ་སེར་པོ་དེ།

    ཆུ་མོའི་གཞུང་གི་གྲུ་ཆུང་ཞིག་ཡིན་ན།

    བསིལ་བསིལ་སྟོན་གྱི་རླུང་བུ་ནི།

    གྲུ་ཆུང་དེ་ལ་མཁོ་བའི།

    གཏན་གྲོགས་སྐྱ་བ་དེ་ཡིན་ངེས།

    སོག་མའི་ཕོན་ལྕོག་དེ་དག

    ཨ་ཁུ་ཞིང་པའི་སྐུ་ལུས་ཡིན་ན།

    འབྲུ་རྡོག་དེ་དག་ནི།

    ཁོ་ཚོའི་རྔུལ་ནག་གི་ཐིགས་ཕྲེང་རེ་རེ་ཡིན་ངེས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།