དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • སྐབས་28པའི་བརྙན་འཕྲིན་རིག་རྩལ་གྱི“སྐར་འོད་བྱ་དགའ”ཐོབ་པའི་བརྩམས་ཆོས་ཡོངས་བསྒྲགས་བྱས་པ།

    《བཀྲ་ཤིས་ལྷུན་པོ》ཞེས་པར་ཕུལ་བྱུང་བརྙན་འཕྲིན་གྱི་དངོས་མཚོན་པར་གཞིའི་བྱ་དགའ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-24

    ཉེ་ཆར། སྐབས་28པའི་བརྙན་འཕྲིན་རིག་རྩལ་གྱི“སྐར་འོད་བྱ་དགའ”ཐོབ་པའི་བརྩམས་ཆོས་ཡོངས་བསྒྲགས་བྱས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས། གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་རྒྱ་སྐད་འཛམ་གླིང་ལེ་ཚན་ལྟེ་གནས་ནས་སྒྲིག་བཟོ་བྱས་ཤིང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་བོད་ལྗོངས་སྲུང་སྐར་འཕྲིན་ལམ་སོགས་ནས་བསྟན་པའི་ལེའུ་ལྔ་ཡོད་པའི་ལོ་རྒྱུས་རིག་གནས་ཀྱི་དངོས་མཚོན་པར་གཞི《བཀྲ་ཤིས་ལྷུན་པོ》ཞེས་པར་ཕུལ་བྱུང་བརྙན་འཕྲིན་གྱི་དངོས་མཚོན་པར་གཞིའི་བྱ་དགའ་ཐོབ་པ་རེད།

    དངོས་མཚོན་པར་གཞི《བཀྲ་ཤིས་ལྷུན་པོ》ཞེས་པ་ནི་མི་ཆོས་རིག་གནས་ཀྱི་མཐོང་རྒྱ་ཡངས་པོར་གཞི་ཚུགས་པ་དང་། ཀྲུང་ཧྭའི་ཤེས་དཔལ་གྱི་སྣ་མང་གཞི་གཅིག་གི་ལོ་རྒྱུས་ཀྱི་བཀོད་པ་ནས་འགོ་བཙུགས་ཏེ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་གདན་ས་ཆེན་པོ་དྲུག་གི་ཡ་རྒྱལ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་གནས་བཀྲ་ཤིས་ལྷུན་པོ་དགོན་འཇུག་གཞིར་བྱས་པ་དང་བཀྲ་ཤིས་ལྷུན་པོ་དགོན་གྱི་ལོ་ངོ་600ལྷག་ཙམ་གྱི་འགྱུར་ལྡོག་གཙོ་རྐང་དུ་བཟུང་སྟེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་དུས་རབས་ཀྱི་གོམ་བགྲོད་ཆ་ལག་ཚང་བའི་སྒོ་ནས་མངོན་པར་བྱས་ནས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་གཏམ་རྒྱུད་གསོན་ཉམས་དོད་པོས་ཞིབ་ཏུ་བརྗོད་པ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཞིབ་ཏུ་བརྗོད་པ། “སྤྲུལ་སྐུའི་ཡང་སྲིད”ལམ་ལུགས་ཞིབ་ཏུ་བརྗོད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ནང་གནས་ཀྱི་གཏན་ཚིགས་འཆད་འགྲེལ་གཏིང་ཟབ་བཅས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།