དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཕུགས་བསམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  རེད་མདའ་བ་ཀུན་དགའ་ཚེ་རིང་།   |     སྤེལ་དུས།  2024-09-08

    བློ་གྲོས་ཀྱི་གཡུ་རལ་དེ་ངོམ་ཞིང་།

    གསར་གཏོད་ཀྱི་སྟོབས་ཤུགས་ཤིག་བསྐྱེད་དེ།

    མུ་མཐའ་མེད་པའི་མཁའ་དབྱིངས་སུ་ཕྱོགས་ནས།

    མཚར་སྡུག་གི་གཤོག་རྩལ་དེ་ངོམ་ནས་འཕུར་ཅིག

    རང་གི་ཐོག་མའི་ཕུགས་བསམ་གྱི་ཆེད་དུ་འཕུར་ཅིག


    གཤོག་ཟུང་དལ་གྱིས་བརྐྱངས་ནས།

    ཕུགས་བསམ་གྱི་འཇིག་རྟེན་དུ་འཕུར་དང་།

    ཕུགས་བསམ་དེ་མངོན་འགྱུར་ཐུབ་ཆེད།

    རླུང་འཚུབ་དང་དྲག་ཆར་གྱི་འཇིགས་པར་དཔའ་མ་ཞུམ་པར།

    སྤྲིན་ནག་དང་གློག་ཞགས་ཀྱི་བར་ཆད་ལ་ཇི་མི་སྙམ་པར།

    འཕུར་ཅིག རང་ནུས་ཡོད་རྒུ་བཏོན་ནས་འཕུར་ཅིག


    གསར་སྐྱེས་ཀྱི་གཞོན་ནུ་རྣམ་པ།

    དུས་རབས་ཀྱི་རྗེས་སུ་རྒྱུགས་ཤིག

    འཆམ་མཐུན་གྱི་སྤྱི་ཚིགས་འདིའི་ནང་།

    ལང་ཚོའི་གཤོག་རྩལ་ངོམ་ཞིག

    ཐེ་ཚོམ་དང་ཕྱིར་བཤོལ་སྤངས་ནས།

    ཕུགས་བསམ་གྱི་ནམ་མཁའ་སྔོན་པོར།

    འཇའ་འོད་ཀྱི་གུར་ཁང་ཕུབ་པར་འབུངས་ཤིག

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།