དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཚེས་པ་བཅུ་བཞིའི་དགོང་མོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  གློག་འོད།   |     སྤེལ་དུས།  2024-09-01

    སྤྲིན་པ་ཡུག་གཅིག་ཀྱང་མེད་པའི་དོ་དགོང་། སྔོ་བསངས་ཀྱི་ནམ་མཁར། དཀར་སངས་སངས་ཀྱི་ཟླ་བའི་འོད་ཟེར་དེ། བསིལ་འཇམ་གྱི་རླུང་བུ་དང་བསྡེབས་ནས། ངའི་ཤག་ཆུང་གི་ནང་དུ་འཕྲོས་བྱུང་།

    དོ་དགོང་སྟེ། དབྱར་ཟླ་དྲུག་པའི་ཚེས་བཅུ་བཞི་ཡི་དགོང་མོར། རྒྱུ་སྐར་རེ་གཉིས་ཙམ་ལས་མེད་ཀྱང་། སྨག་ནག་གི་ཀློང་དུ། ཁྱེད་ཀྱི་འོད་སྣང་ནི་ཅི་འདྲའི་གསལ་ལ། ཅི་འདྲའི་ཡིད་དབང་འཕྲོག་པ་ཞིག་རེད་ཨང་།

    དོ་དགོང་མཁའ་དབྱིངས་སུ་འཚེར་བའི་ཟླ་འོད་ཀྱིས་མཛེས་སྡུག་གི་ལང་ཚོའི་གཟི་འོད་ཕྱོགས་བཞིར་ངོམས་ནས། ང་ལ་ཐ་མའི་སྐྱེལ་ཆང་ཞིག་ཡང་ནས་ཡང་དུ་འབུལ་བཞིན་པ་ལྟར་སྣང་། བསིལ་བསིལ་དུ་ལྡང་བའི་དྲོད་འཇམ་གྱི་རླུང་བུ་དེས་ཀྱང་། མེ་ཏོག་གི་དྲི་བསུང་སྦར་མོ་གང་ཁྱེར་ནས། ཡུན་རིང་དུ་འགྲོགས་པའི་ཁོ་བོ་ལ། ཆེས་མཐའ་མའི་གྱེས་བྲལ་གྱི་འཐམ་འཁྱུད་བྱེད་ཀྱིན་ཡོད་པ་འདྲ། དེ་བས་ང་རང་གཉིད་ཉལ་ན་མ་འདོད། ངས་དྭངས་གསལ་གྱི་མཁའ་ལམ་ཡངས་པོ་དེར། ཁྱེད་རང་དལ་གྱིས་བཞུད་པར་ཕེབས་སྐྱེལ་ཞུ་དགོས། དབྱར་ཟླ་ཐ་མའི་རླུང་བུ་དང་ཟླ་འོད་དང་ལྷན་དུ་ཆེས་མཐའ་མའི་ལག་འཇུ་དམ་པོ་ཞིག་བྱེད་འདོད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།