དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དུས་རབས་གསར་པའི་འཕོ་འགྱུར་ལ་བསྔགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  རིན་ཆེན་དར་དགའ།   |     སྤེལ་དུས།  2024-09-01

    ཨེ་མ་རླབས་ཆེན་ཏང་གི་གཟིགས་སྐྱོང་ཉིན་བྱེད་དྲོན་མོ་ས་ཆེན་ཀུན། །

    མ་ལུས་ཡོངས་ལ་རྟག་ཏུ་འཕྲོས་པས་ལུས་སེམས་བདེ་བའི་དྲོད་ཀྱིས་བརྟས། །

    བགྲང་བྱ་བརྒྱ་ལྷག་དཔའ་སྙིང་མ་ཞུམ་འབད་འཐབ་གོམ་ཆེན་མདུན་དུ་སྤོས། །

    ད་ལྟའི་ཀྲུང་གོ་འཛམ་གླིང་འཛིན་མར་གྲགས་པའི་དབྱར་རྔ་གང་སར་གྲགས། །


    ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་གི་ཡང་དག་དབུ་ཁྲིད་ལས། །

    ལྐོག་རྔན་ལྐོག་ཟའི་རྩ་བ་ཕྱུངས་ཤིང་རུལ་སུངས་ཅན་རྣམས་ཆམ་ལ་ཕབ། །

    མཁས་མཛངས་སྟོང་གི་བློ་གྲོས་མཐུ་ལས་དུས་རབས་གསར་པའི་ལམ་བུར་ཁྲིད། །

    ཀྲུང་གོའི་ཁྱད་ལྡན་སྤྱི་ཚོགས་རིང་ལུགས་གཟི་བརྗིད་འོད་སྟོང་ལམ་མེར་འཚེར། 


    ནམ་ཡང་མི་དམངས་ལྟེ་བར་འཛིན་ཏེ་འཕེལ་རྒྱས་དོན་གཉེར་ལས་ལ་གཞོལ། །

    ཁྱོན་ཡོངས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཞིང་ཁྱོན་ཡོངས་བཅོས་བསྒྱུར་ཟབ་ཏུ་བཏང་། །

    ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ནི་ཏང་ཉིད་ནན་པོས་སྐྱོང་བཞིན་པར། །

    ཏང་གི་རྐང་འཛིན་ལས་དོན་མི་སྣ་ཆར་ཤུལ་སྨྱུག་རྩ་རྒྱས་དང་མཚུངས། །


    དེང་རབས་ཅན་གྱི་འཚོ་བ་གསར་པ་དགོས་འདོད་དཔག་བསམ་འཁྲི་ཤིང་རྒྱས། །

    ཚར་དུ་དངར་བའི་བརྗིད་ཆགས་ཁང་ཆེན་རི་རབ་ཚོགས་ཀྱི་གཏོས་ལ་འགྲན། །

    གང་འདོད་རོ་བརྒྱའི་ཞལ་ཟས་སྣ་ཚོགས་འབྱོར་ཕྱུག་ཀླུ་ཡི་མཛོད་ལ་འཁུ། །

    འགྲིམ་འགྲུལ་དྲ་བ་ཕྱོགས་བཞིར་འཐེན་པས་གང་དུ་སྐྱོད་ཀྱང་སྐད་ཅིག་ཙམ། །


    མི་རིགས་ང་དྲུག་སྤུན་ཟླའི་མཛའ་བརྩེ་སེ་འབྲུའི་རྡོག་ལྟར་གོང་བུ་སྒྲིལ། །

    འཆམ་མཐུན་འབྱོར་ཕྱུག་ཤེས་དཔལ་ཞི་མཐུན་ཀྲུང་ཧྭའི་ལྡུམ་ར་རྣམ་པར་མཛེས། །

    མང་ཚོགས་དབུལ་པོ་དབུལ་ཞྭ་ཕུད་དེ་འབྱོར་འབྲིང་ལམ་དུ་སྐྱོད་པ་དང་། །

    བློ་གཏད་ཡོད་རྒུ་ཏང་ལ་བཅོལ་ནས་ནམ་ཡང་ཏང་གི་རྗེས་སུ་འབྲང་། །


    ཐོག་མའི་བསམ་འདུན་སྙིང་ཁར་བཅངས་ནས་འགན་འཁྲི་ཏན་ཏིག་ཕྲག་ལ་ཁུར། །

    ཀྲུང་ཧྭ་མི་རིགས་བསྐྱར་དར་ཆེད་དུ་གོང་འོག་ཚང་མས་འབད་འབུངས་བྱེད། །

    ཕན་ཚུན་ཕྱར་བ་གྲུ་འདེགས་བྱེད་བཞིན་རེ་བས་ཁེངས་པའི་མ་འོངས་བསུ། །

    དུས་རབས་གསར་པའི་ཀྲུང་གོ་འདི་ཉིད་འཛམ་གླིང་ས་ཡི་རྒྱན་ཆ་དངོས། །


    མཁས་མཛངས་དབུ་ཁྲིད་གཟིགས་རྒྱང་ཡངས་ཤིང་རིག་གཞུང་ལག་ལེན་ཟུང་དུ་འབྲེལ། །

    མཐོ་རིམ་སློབ་གསོའི་ཞིང་ས་གཤིན་པོར་ཤེས་ལྡན་མི་སྣའི་ལོ་ཏོག་སྨིན། །

    མངོན་མིན་རིག་གནས་མ་ཉམས་སྐྱོང་ལ་རིག་གནས་གདེང་ཚོད་ཕུག་རྩ་བརྟན། །

    སྐྱེ་ཁམས་ཁོར་ཡུག་མིག་ལྟར་གཅེས་པས་རི་སྔོན་ཆུ་དྭངས་ཨེ་མ་མཚར། །


    ཁྱད་པར་རིམས་ནད་གཡུལ་ལས་རྒྱལ་བའི་ན་ནིང་གཞེས་ནིང་ཀྲུང་གོ་ཞེས། །

    ནུབ་ཕྱོགས་རྒྱལ་ཁབ་སྟོབས་ཆེན་དག་ཀྱང་དད་སྨོན་འགྲམ་ཆུ་དབང་མེད་ཤོར། །

    ཀྲུང་གོའི་ཁྱད་ལྡན་སྤྱི་ཚོགས་རིང་ལུགས་ཐུན་མིན་དགེ་མཚན་བླ་ན་འབར། །

    རིམ་འགོག་སྨན་ཁབ་སྦྱིན་པ་ལ་སོགས་ཀྲུང་གོའི་བྱམས་བརྩེས་འཛམ་གླིང་དྲོས། །


    དུས་རབས་གསར་པའི་ཀྲུང་གོ་འདི་ཉིད་འཕེལ་རྒྱས་གོམ་འགྲོས་མྱུར་བ་དང་། །

    ཡང་དག་ཏང་དང་དབུ་ཁྲིད་བཟང་པོའི་མཛད་ཕྱོགས་སྲིད་ཇུས་བཟང་བ་དང་། །

    མི་རིགས་ང་དྲུག་ཕུ་ནུའི་ཚོགས་རྣམས་མཐུན་སྒྲིལ་མཛའ་བརྩེ་ཟབ་པ་སོགས། །

    བཀྲ་ཤིས་གཏམ་བཟང་དཔལ་གྱིས་བརྒྱན་པའི་མ་ཡུམ་ཀྲུང་གོར་བསྟོད་གླུ་ལེན། །

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།