མངོན་མིན་རིག་གནས་ཤུལ་བཞག་ལས་བཀྲག་མདངས་འཚེར།
འདི་ནི་བཟོ་བོས་ཟངས་ཆས་བཟོ་བཞིན་པ།
ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སུ་ཡོད་པའི་བོད་ལྗོངས་ནོར་དགྲ་མི་རིགས་ལག་ཤེས་བཟོ་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་ནི་བོད་རང་སྐྱོང་ལྗོངས་པད་ནག་ཟངས་བཟོའི་ལག་རྩལ་ཁྲིད་སྦྱོང་རྟེན་གཞི་ཡིན་པ་དང་། པད་ནག་ཟངས་བཟོའི་ལག་རྩལ་ལ་རྒྱུན་འཛིན་པ་ཡོད་པ་དང་དར་རྒྱས་གོང་འཕེལ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། ཀུང་སིས་མངོན་མིན་རིག་གནས་ཤུལ་བཞག་ལག་རྩལ་དེ་རྒྱུན་གཏན་འཚོ་བའི་མཁོ་ཆས་བཟོ་བ་དང་རིག་གནས་བསམ་བཀོད་ཐོན་རྫས་གསར་སྤེལ་ཐད་སྤྱད་པ་མ་ཟད། ས་གནས་དེ་གའི་ཡུལ་སྐོར་ལས་རིགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་པད་ནག་ཟངས་བཟོའི་ལག་རྩལ་ཁྲིད་སྦྱོང་རྟེན་གཞིའི་A3རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་རེ་ཞུ་བྱས་ནས་མི་དེ་བས་མང་བས་པད་ནག་ཟངས་བཟོའི་ལག་རྩལ་ལ་རྒྱུས་མངའ་ལོན་པ་བྱས་པ་དང་པད་ནག་ཟངས་བཟོའི་ལག་རྩལ་ཐོན་རྫས་ཡུལ་སྐོར་ཁྲོམ་རར་ཁྱབ་པར་བྱས་ཡོད།