གླུ་གར་གྱི་སྟངས་སྟབས་འཁྲུག་སེ་འཁྲུག རིག་གནས་ཀྱི་ཉམས་འགྱུར་བཟང་སེ་བཟང་།
ཉེ་ཆར། བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་བོད་ལྗོངས་ཟློས་གར་ཁང་ཆེན་དུ་གཟབ་རྒྱས་ངང་གཉེར་ཞིང་། ལྗོངས་ཡོངས་ཀྱི་སྒྱུ་རྩལ་མཁས་ཅན་དང་རིག་རྩལ་དགའ་ཞེན་པ་མང་པོ་མཉམ་དུ་འཛོམས་ནས། དུས་ཡུན་ཟླ་བ་གཅིག་རིང་གི་རིག་གནས་སྒྱུ་རྩལ་གྱི་དགའ་སྟོན་དེར་རོལ།
ད་ཐེངས་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“བདེ་སྐྱིད་ལྡན་པའི་བོད་ལྗོངས། བཀྲ་ཤིས་བདེ་ལེགས”ཞེས་པ་ཡིན་ཞིང་། དེའི་དམིགས་ཡུལ་ནི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་སྒྱུ་རྩལ་བྱེད་སྒོ་བརྒྱུད། བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་གཡུར་དུ་ཟ་བའི་གྲུབ་འབྲས་མངོན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་ཆེད་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་རིང་ལྗོངས་ཡོངས་ཀྱི་དམངས་ཁྲོད་ཞབས་བྲོའི་འགྲན་བསྡུར་ཆེ་མོ་དང་། དམངས་ཁྲོད་གླུ་པ་གླུ་མའི་འགྲན་བསྡུར། ལྗོངས་ཡོངས་ཀྱི་གཞོན་སྐྱེས་གླུ་པའི་འགྲན་བསྡུར། ལྗོངས་ཡོངས་ཀྱི་ཆེད་ལས་ཞབས་བྲོའི་འགྲན་བསྡུར། ལྗོངས་ཡོངས་ཀྱི་གཏམ་བརྗོད་ཟློས་གར་འགྲན་བསྡུར། ལྗོངས་ཡོངས་ཀྱི་ལྷ་མོའི་འགྲན་བསྡུར། ལྗོངས་ཡོངས་ཀྱི་རོལ་ཆ་དཀྲོལ་གཏོང་འགྲན་བསྡུར། ལྗོངས་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ཞབས་བྲོའི་འགྲན་བསྡུར་སོགས་འགྲན་བསྡུར་བྱེད་སྒོ་མང་པོ་སྤེལ་བ་རེད། གཞན་ཡང་། ད་དུང་ལྷ་མོའི་འཁྲབ་གཞུང《ཁ་བཏགས་ལྗང་ཁུ》དང་གླུ་གར་འཁྲབ་ཚན《ས་སྐྱིད་པོ་ཀོང་པོའི་ཡུལ》སོགས་ཕུལ་བྱུང་གི་ལེ་ཚན་འཁྲབ་སྟོན་བྱས་པ་དང་། དེ་བཞིན་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་གཞན་དག་ཀྱང་སྤེལ་བ་རེད། དེ་དང་ཆབས་ཅིག གཙོ་གཉེར་ཚན་པས་ད་དུང་དྲ་ཐོག་སྟེགས་བུ་མང་པོར་ཐད་གཏོང་དང་བསྐྱར་གཏོང་བྱས་པ་རེད།
ད་ཐེངས་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་རིང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་རིག་གནས་སྒྱུ་རྩལ་བྱ་དགའ་མཐོ་ཤོས་ཏེ“སྐལ་བཟང་མེ་ཏོག”ཅེས་པའི་བྱ་དགའ་ཐོག་མར་བཀོད་སྒྲིག་བྱས་ནས་རིག་གནས་སྒྱུ་རྩལ་ཁྱབ་ཁོངས་སུ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བའི་སྒྱུ་རྩལ་མཁས་ཅན་དང་བརྩམས་ཆོས་ལ་གཟེངས་བསྟོད་བྱས་པ་རེད།
འདི་ནི་བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་ལྗོངས་ཡོངས་ཀྱི་ཆེད་ལས་ཞབས་བྲོའི་འགྲན་བསྡུར་གྱི་དེང་རབས་ཞབས་བྲོའི་མཐའ་བསྡུར་བྱེད་བཞིན་པ།
འདི་ནི་དམངས་ཁྲོད་ཞབས་བྲོའི་འགྲན་བསྡུར་བྱེད་བཞིན་པ།
འདི་ནི་བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་ལྗོངས་ཡོངས་ཀྱི་ལྷ་མོའི་འགྲན་བསྡུར་བྱེད་བཞིན་པ།
འདི་ནི་དམངས་ཁྲོད་ཞབས་བྲོའི་འགྲན་བསྡུར་བྱེད་བཞིན་པ།
འདི་ནི་མི་རིགས་ཀྱི་རྒྱན་གོས་ངོམ་སྟོན་བྱེད་བཞིན་པ།
འདི་ནི་གླུ་གར་སྙན་ངག《ཞང་ཞུང་གི་འབྱུང་ཁུངས། གུ་གེའི་གནའ་ཤུལ》ཞེས་པ་འཁྲབ་སྟོན་བྱེད་བཞིན་པ།
འདི་ནི་དམངས་ཁྲོད་ཞབས་བྲོའི་འགྲན་བསྡུར་བྱེད་བཞིན་པ།