དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ང་ལ་སྤོ་བོ་ཞིག་ཡོད་ན་སྙམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  ནག་ཤོད་ང་རོའི་འཚེར་སྒྲ།   |     སྤེལ་དུས།  2024-08-13

    ང་ལ་སྤོ་བོ་ཞིག་ཡོད་ན་སྙམ། ང་རང་ཁྱིམ་དུ་ལོག་ཐེངས་རེར། ང་ལ་སྤོ་བོ་ཞེས་འབོད་ས་ཞིག་དང་། ངའི་མགོ་བོར་བྱིལ་བྱིལ་གནང་མཁན་གྱི་སྤོ་བོ་ཞིག་ཡོད་ན་སྙམ།

    ང་ལ་སྤོ་བོ་ཞིག་ཡོད་ན་སྙམ། པཱ་ལགས་ཀྱིས་ང་ལ་གཤེ་གཤེ་རེ་ཟུང་གཏོང་དུས། ངའི་མིག་མཐར་འཁྱིལ་བའི་མཆི་མའི་རྡོག་པོ་ལག་པས་འཕྱིད་ཞོར། ང་རང་པང་དུ་ཉར་མཁན་གྱི་སྤོ་བོ་ཞིག་ཡོད་ན་སྙམ།

    ང་ལ་སྤོ་བོ་ཞིག་ཡོད་ན་སྙམ། འདི་ནི《འགྲོ་བ་བཟང་མོའི་རྣམ་ཐར》རེད་ཅེས་དང་། འདི་ནི《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང》རེད་ཅེས་ང་ལ་སྒྲུང་གསུང་མཁན་གྱི་སྤོ་བོ་ཞིག་ཡོད་ན་སྙམ།

    ང་ལ་སྤོ་བོ་ཞིག་ཡོད་ན་སྙམ། ང་རང་སློབ་གྲྭར་འགྲོ་དུས་དཔེ་ཁུག་ནང་ལྐོག་ཏུ་རྔན་པ་འཇུག་མཁན་ཞིག་དང་། ང་རང་སློབ་གྲྭ་ནས་ལོག་དུས། ངའི་ལག་ཆུང་ནས་འཇུས་ཏེ་བསུ་མ་བྱེད་མཁན་གྱི་སྤོ་བོ་ཞིག་ཡོད་ན་སྙམ། འདི་ལྟར་བྱུང་ན། ངས་བདེ་སྐྱིད་གཞན་ཞིག་གི་དྲོད་ཁོལ་ལ་ལོངས་སྤྱོད་བྱས་ཆོག

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།