དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • པད་མ་གླིང་གི་མཛའ་གཞས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  ​གངས་སྨྱོན་ཚུལ་ཁྲིམས།   |     སྤེལ་དུས།  2024-08-11

    སྒྲུབ་མཚོའི་སྤང་ལྗོངས་སྟེང་ལ། །

    ཨུཏྤལ་ཞལ་ཁ་ཕྱེ་བྱུང་། །

    ལས་འཕྲོ་ཅན་གྱི་བུ་མོ། །

    མེ་ཏོག་འཐུ་བར་ཕེབས་ཤོག །


    པད་གླིང་གཡུ་མཚོའི་འགྲམ་ནས། །

    བ་ལུའི་མེ་ཏོག་བཞད་བྱུང་། །

    ཆུང་འདྲིས་ཟླ་བ་གཞོན་ནུ། །

    སྙིང་གཏམ་ཤོད་པར་ཕེབས་ཤོག །


    ཆུང་འདྲིས་མཛེས་མས་བསྐུར་བའི། །

    ཡིག་ཆུང་སེམས་ཀྱི་སྨན་མཆོག །

    མེ་ཏོག་འགྲམ་དུ་ཀློག་པས། །

    ལས་འཕྲོའི་གཡུ་སྦྲང་འཁོར་བྱུང་། །


    ཁྱེད་ལ་བཅངས་པའི་བརྩེ་བ། །

    པད་གླིང་མཚོ་ལས་ཟབ་ཡོད། །

    མཁའ་རི་དཔང་པོར་བཞག་ནས། །

    དབུ་མནའ་བཞེས་རོགས་གནང་དང་། །


    དྭངས་གཙང་མཚོ་མོའི་འགྲམ་ནས། །

    སེམས་ཀྱི་བརྩེ་འཕྲིན་བསྐུར་ཡོད། །

    སེར་བྱ་ལས་འཕྲོ་ཅན་གྱིས། །

    ཐུགས་ལ་བཞག་རོགས་གནང་དང་། །

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།