དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • བོད་ཀྱི་ལྷ་མོའི་རྣམ་ཐར་འགྲན་བསྡུར་ཆེ་མོ་ཐུགས་གྲ་ལེགས་འགྲིག་བྱུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-30

    ཚེས་27ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་མཛུབ་ཁྲིད་བྱས་པ་དང་། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པའི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་འགྲན་བསྡུར་གལ་ཆེན་གྱི་གྲས་ཤིག་ཡིན་པའི་ལྗོངས་ཡོངས་ཀྱི་ལྷ་མོའི་རྣམ་ཐར་འགྲན་བསྡུར་ཆེ་མོ་མཇུག་འགྲིལ་ཞིང་། མཐར། བསྟན་འཛིན་སྨོན་ལམ་ལ་གཞོན་ནུ་ལོ་ཆུང་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་དང་། ལྷ་མོ་ཚེ་རིང་ལ་དར་མའི་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་རེད།

    མཐའ་བསྡུར་བྱ་ཡུལ་དུ། བདམས་ཐོན་པ་ཚོས་རིམ་པ་བཞིན་གར་སྟེགས་ཐོག་བསྐྱོད་དེ། སྲོལ་རྒྱུན་གྱི་ལྷ་མོ་《ཆོས་རྒྱལ་ནོར་བཟང》དང《འགྲོ་བ་བཟང་མོ》སོགས་འགྱུར་ཁུག་སྙན་ཞིང་འཇེབས་ལ་བརྩེ་བ་ཟབ་མོས་བླངས་ཡོད། བདམས་ཐོན་པ་ཡོངས་ཀྱིས་བྱང་ཆུབ་པའི་འཁྲབ་རྩལ་དང་། སྙན་འཇེབས་ལྡན་པའི་རྣམ་ཐར། བརྩེ་བ་ཟབ་མོ་བཅས་ལ་བརྟེན་ནས་གཏམ་རྒྱུད་རེ་རེ་བཞིན་བརྗོད་ནས་དཔའ་བོའི་མི་སྣར་བསྟོད་གླུ་ཕུལ་ཡོད་ལ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་ཡང་མཚོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།