མི་རིགས་ཀྱི་རིག་གནས་རྒྱུན་འཛིན་གྱིས་གངས་ལྗོངས་ས་མཐོར་གར་གྱིས་རོལ།
ཚེས་22དང་ཚེས་25ཉིན། ལྷ་སར་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་ཆེད་ལས་ཞབས་བྲོའི་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་བྱས་པ་རེད།
ཚེས་22དང་25ཉིན་གྱི་དགོང་མོར། འགྲན་བསྡུར་བྱ་ཡུལ་དུ་ངར་ཤུགས་ཆེ་བའི་རོལ་དབྱངས་དང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་བསྟུན་ནས། ས་ཁུལ་ཁག་དང་ཚོགས་ཆུང་ཁག་གི་འགྲན་ཞུགས་རུ་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་འཁྲབ་སྟོན་བྱས་ཤིང་། ཁོང་ཚོས་ཚོན་མདོག་རྣམ་པར་བཀྲ་བའི་མི་རིགས་ཀྱི་རྒྱན་གོས་བརྒྱན་ནས། ཐུན་མོང་མ་ཡིན་པའི་ཞབས་བྲོའི་སྟངས་སྟབས་དང་བྱང་ཆུབ་པའི་འཁྲབ་སྟོན་ལ་བརྟེན་ཏེ། བོད་ཀྱི་ཞབས་བྲོའི་ཡིད་དབང་འཕྲོག་ཤུགས་དང་ཉམས་འགྱུར་མངོན་པར་བྱས་ཡོད་པ་རེད།
མཐར། འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། མཐའ་བསྡུར་ལ་ཞུགས་པའི་ཞབས་བྲོའི་ལེ་ཚན་49ཡོད་པ་དང་། དེའི་ནང་ཆབ་མདོ་གྲོང་ཁྱེར་ཁམས་པའི་རིག་གནས་སྒྱུ་རྩལ་ཚོགས་པས་འཁྲབ་པའི《ཁྲ་མོ་གླིང་གི་ཤྭ་བ་སྲུང་མཁན》ལ་མི་རིགས་ཀྱི་དམངས་ཁྲོད་ཞབས་བྲོའི(ཚོགས་བྲོ)ཨང་དང་པོ་ཐོབ་པ་དང་། ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པ་གཞས་མ་གཏམ་ཚོགས་པའི་རྐྱང་བྲོ《སྒྲ་སྙན་གྱི་བརྩེ་སེམས》ལ་མི་རིགས་ཀྱི་དམངས་ཁྲོད་ཞབས་བྲོའི(རྐྱང་ཆ་གསུམ)བྱ་དགའ་ཨང་དང་པོ་ཐོབ་པ། ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པ་གཞས་མ་གཏམ་ཚོགས་པའི་རྐྱང་བྲོ《ས་འདམ་གྱི་ཕུགས་འདུན》ལ་དེང་རབས་ཞབས་བྲོའི་བྱ་དགའ་ཨང་དང་པོ་ཐོབ་ཡོད་པ་རེད།