བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་ཉིང་ཁྲིར་འགྲེམ་སྟོན་མྱོལ་རོལ་དང་འབྲི་གཡག་ཤེས་བྱ་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བ།
ཉེ་འཆར་བོད་ལྗོངས་གཡག་རྟེན་མཛོད་གླིང་གིས“ ཉམས་མྱོང་སྤེལ་རེས་ཡར་ཐོན་གཞི། ཕན་ཚུན་སློབ་སྦྱོང་འཕེལ་རྒྱས་གཞི”ཞེས་པ་གཙོ་དོན་དུ་བྱས་ཤིང་། ཉིང་ཁྲིའི་བོད་ཤར་ལྷོའི་རིག་གནས་ཤུལ་བཞག་བཤམས་སྟོན་ཁང་དང་། སྤྲེལ་རིའི་རིན་ཆེན་དཔུང་ཚོགས་སྒྱུ་རྩལ་གླིང་། དཀར་ལ་གྲོང་ཚོའི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་བརྗོད་བྱ་གཙོ་བོའི་སློབ་གསོའི་འགྲེམས་སྟོན་ཁང་སོགས་སུ་བསྐྱོད་དེ་འགྲེམས་སྟོན་མྱོང་རོལ་དང་ཕན་ཚུན་བགྲོ་གླེང་། འབྲི་གཡག་ཤེས་བྱ་ཁྱབ་གདལ་སོགས་བྱས་ཐོག ས་ཁུལ་ཁག་གི་བཤམས་མཛོད་ཁང་དབར་འགྲོ་འོང་རྒྱུན་ཆད་མེད་པ་བྱེད་པ་དང་། འབྲེལ་བ་དམ་ཟབ་ཡོང་བ་བྱེད་པ། བཤམས་མཛོད་ཁང་ལས་མིའི་ཕྱོགས་ཡོངས་ཀྱི་བྱང་ཚད་མཐོར་འདེགས་ཡོང་བ་བྱས་ཏེ། ཀྲུང་ཧྭའི་ཐུན་མིན་རིག་གནས་དག་སྲུང་སྐྱོང་གང་ལེགས་དང་། རྒྱུན་འཛིན་གང་ལེགས། བརྒྱུད་བསྒྲགས་གང་ལེགས་བཅས་ཡོང་བར་ཆོད་སེམས་བརྟན་པོ་བཙུགས་ཡོད།