དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཞིང་འབྲོག་སློབ་གསོའི་འཕོ་འགྱུར་ཨེ་མ་རྨད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  སྤེན་ཚེ་གཞོན་པ།   |     སྤེལ་དུས།  2024-07-21

    2021ལོའི་ཟླ་7ཚེས་21ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་བསིལ་ལྡན་ཁ་བའི་ལྗོངས་སུ་ཆིབས་ཁ་བསྒྱུར་ཏེ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་དུས་སྟོན་ལ་བཀྲ་ཤིས་རྟེན་འབྲེལ་ཞུས་གནང་བ་དང་། ལྷ་ས་དང་ཉིང་ཁྲིས་མཚོན་པའི་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་དང་། དཔལ་འབྱོར་འཕེལ་རྒྱས་སོགས་ལ་གཟིགས་ཞིབ་གནང་བར་ཕེབས་པ་ལས། ཁོང་གིས་བོད་ཀྱི་སློབ་གསོའི་བྱ་གཞག་གོང་འཕེལ་དང་། དཔལ་འབྱོར་འཕེལ་རྒྱས་སོགས་ལས་དོན་ཀུན་ལ་ཐུགས་ཁུར་ཟབ་བཞེས་གནང་བ་མཚོན་གྱི་ཡོད་ལ། ལྷག་པར་དུ། བོད་ཀྱི་མི་དམངས་ལ་བཅངས་པའི་ལྷད་མེད་ཀྱི་ཐུགས་བརྩེ་ཟབ་མོ་མཚོན་གྱི་ཡོད།

    ལོ་ཟླའི་གོམ་འགྲོས་ནི་མྱང་ཆུ་གཙང་པོའི་རྒྱུན་བཞིན་དལ་བ་མེད་པར་མདུན་ནས་མདུན་དུ་བཞུར་བ་དང་བསྟུན། ང་ཡང་བྱིས་པ་བསམ་མེད་ཅིག་ནས་རིམ་བཞིན་ནར་སོན་ཏེ། ད་ཆ་མི་དམངས་ཀྱི་དགེ་རྒན་ཞིག་ཏུ་གྱུར་པ་དང་། དཔེ་ཁྲིད་མི་སྐྱོང་གི་བྱ་བའི་རྒྱུན་བསྐྱངས་ནས་ལོ་ཉི་ཤུ་ཏག་ཏག་སོང་ཟིན་འདུག

    འདས་ཟིན་པའི་ལོ་ཟླར་ཕྱིར་འདང་རེ་རྒྱག་དུས། ངའི་དྲན་ཤེས་ཀྱི་མེ་ལོང་དུ་མི་ལོ་ཉི་ཤུའི་སྔོན་གྱི་ལོ་ཟླའི་བརྙན་རིས་དག་གསལ་ལེར་འཆར་འོང་། དང་ཐོག་ང་རང་ལས་བགོས་རྒྱག་ས་ནི་རྫོང་དང་ཐག་རིང་ཤོས་ཀྱི་འབྲོག་ཁུལ་གྱི་སློབ་ཆུང་ཞིག་ཏུ་རེད། སྐབས་དེ་དུས་མ་གཞི་སློབ་མར་འགན་ལེན་གསུམ་གྱི་སྲིད་ཇུས་ལག་ལེན་བསྟར་བཞིན་ཡོད་མོད། སློབ་གྲྭའི་ཆ་རྐྱེན་སྔར་བཞིན་ཤིན་ཏུ་ཞན། གནས་དེར་ལོ་གཅིག་ལས་ཟླ་བ་གསུམ་ཙམ་རིང་གནམ་གཤིས་ཅུང་དྲོ་བ་མ་གཏོགས། གཞན་ཟླ་བ་དགུའི་རིང་གནམ་གཤིས་གྲང་ངར་ཆེ་སྟབས། སློབ་གྲྭས་སྤྲད་པའི་སློབ་གོས་ཀྱིས་སློབ་མའི་ལུས་པོ་མ་དྲོས་པར་ཁོང་ཚོ་འཁྱགས་ནས་གྲོད་པ་བཤལ་བའི་གནས་ཚུལ་ཡང་སེ་ཐོན་གྱི་ཡོད། སྐབས་དེ་དུས་ང་ཚོ་དགེ་རྒན་ཚོས་ཚོང་ཁང་ནས་སློབ་མ་ཚོར་གྱོན་ཆས་ཉོ་བ་ཡང་ཐེངས་གཅིག་གཉིས་ག་ལ་ཡིན།

    ལོ་ཡི་ཉག་མ་གཅིག་ཙམ་འདས་རྗེས་ང་རང་སློབ་གྲྭ་གཞན་ཞིག་ཏུ་ལས་སྒྱུར་བྱས་ཤིང་། སློབ་གྲྭ་དེ་ནི་ཞིང་ཁུལ་གྱི་སློབ་ཆུང་ཞིག་རེད། ང་རང་འབྱོར་ཐོ་བཀོད་པའི་ཉིན་དེར་མིག་ལམ་དུ་སློབ་མ་མི་ཉུང་བ་ཞིག་གིས་ལྷན་པ་བརྒྱབ་པའི་འཇུར་རྟ་དང་གྱོན་གོས་གྱོན་པ་མཐོང་བས་དེར་སྣང་འཇོག་ཆེན་པོ་བྱུང་། མ་ཟད་དགུན་

    ཁ་ཤར་སྐབས་ད་དུང་ཡང་རྐང་པར་ཨུ་སུག་གྱོན་རྒྱུ་མེད་ལ། འཇུར་རྟ་འགྱིག་འཇུག་ཁོ་ན་གྱོན་པའི་སློབ་མ་མི་ཉུང་བ་ཞིག་རྟག་ཏུ་མཐོང་རྒྱུ་ཡོད། སྐབས་དེ་དུས་སློབ་མའི་ཉལ་ཁང་དག་ནི་ས་ཕག་གི་ཁང་པ་རྐྱང་ཐོག་ཤ་སྟག་ཡིན་ཁར། ས་ངོས་མི་སྙོམ་པས་འབར་འབུར་མང་བ་དང་། ཉལ་ཁྲི་གཅིག་གི་ཐོག་ཏུ་སློབ་མ་གཉིས་ཙམ་རུབ་སྟེ་ཉལ་དགོས་ཀྱི་ཡོད། གུ་དོག་པའི་ཉལ་ཁང་གཅིག་ཏུ་སློབ་མ་མང་པོ་མཉམ་དུ་ཉལ་དགོས་ཀྱི་ཡོད་སྟབས། གཙང་སྦྲ་ཞན་པ་ནི་ཤོད་མི་དགོས།

    སློབ་གྲྭའི་སྒྲིག་ཆས་ཀྱང་ཧ་ཅང་ཞན་ཏེ། སློབ་ཁང་དུ་ཨར་འདམ་ལས་གྲུབ་པའི་ནག་པང་དང་། བརྙན་འཕྲིན་གཅིག་ལས་མེད་པས། དགེ་རྒན་རྣམས་ཀྱང་སློབ་ཁྲིད་སྐབས་ནག་པང་དང་ས་སྨྱུག་ཁོ་ནའི་ཁྲིད་ཆས་ལ་བརྟེན་དགོས་ཀྱི་ཡོད། ད་དུང་། སློབ་མའི་སྒྲོག་ཙེ་དང་རྐུབ་སྟེགས་དག་ཀྱང་ཤིང་ལས་བཟོས་པ་མང་བས། ཆག་སྐྱོན་ཤོར་སླ་ལ་ལྷུ་ཚིགས་བརྟན་པོ་མེད། དགེ་རྒན་ལས་བཟོའི་གཞུང་ལས་ཁང་དུའང་སྒྲིག་ཆས་སྟབས་བདེ་ཤ་སྟག་ཡིན་པ་ལས་དེང་རབས་སྔོན་ཐོན་ཅན་གྱི་སྒྲིག་ཆས་ཤིན་ཏུ་ཉུང་། སློབ་མར་འགན་ལེན་གསུམ་གྱི་སྲིད་ཇུས་ལག་ལེན་བསྟར་བཞིན་ཡོད་མོད། འོན་ཀྱང་། སློབ་མའི་ཁ་ལག་གི་འཚོ་བཅུད་ཕུན་སུམ་ཚོགས་པོ་མེད་ལ་སྣ་ཁ་ཡང་དེ་ཙམ་འཛོམ་པོ་མེད།

    ལོ་ཡི་བགྲང་བྱ་ཉི་ཤུ་སོང་བའི་དེ་རིང་། ང་རང་ཞིང་གྲོང་གི་སློབ་ཆུང་གཞན་ཞིག་ཏུ་ལས་སྒྱུར་བྱས་ཤིང་། དེང་གི་ཆར་བོད་ཀྱི་

    ཞིང་འབྲོག་སློབ་གསོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་སོང་བ་མིག་ལྡན་སྐྱེ་བོ་ཀུན་གྱི་དམར་ཆུང་སེམས་ཀྱིས་རྟོགས་ཤིང་། ཁྲ་ཆུང་མིག་གི་མཐོང་ཆོས་སུ་གྱུར་དང་འགྱུར་མུས་སུ་མཆིས།

    གཟིགས་དང་། ད་ཆ་ང་ཚོའི་སློབ་གྲྭའི་ཁོར་ཡུག་ཀུན་ལ་ལྗོན་ཤིང་གཡུ་ལོ་ཐགས་སུ་བཀྲ་ཞིང་། ཁྲ་ཆིལ་མེ་ཏོག་སྣ་ཚོགས་ཀྱིས་མཛེས་པར་བྱས་པ་དང་། བྱིས་པ་ཚོའི་དཀར་ལ་དམར་མདངས་རྒྱས་པའི་ངོ་གདོང་དང་། ལྷད་མེད་ཀྱི་འཛུམ་མདངས་རེ་རེ། ད་དུང་། གཙང་ལ་གྲ་དག་པའི་ལུས་ཀྱི་གྱོན་པ་ལས། ཏང་གི་སྲིད་ཇུས་བཟང་པོའི་འོག སློབ་མ་རྣམས་སློབ་གྲྭའི་འཚོ་བ་གསར་པར་ལོངས་སུ་སྤྱོད་བཞིན་པ་མཐོང་ཐུབ། ཉིན་ལྟར་ལྟོ་ཐུན་གསུམ་རིང་རོ་བཅུད་ཆེ་བའི་ཚལ་རིགས་དང་། སྣེ་ཁ་མང་བའི་ཁ་ཟས་སྣ་ཚོགས་བཀོད་སྒྲིག་བྱེད་བཞིན་ཡོད་ལ། ནམ་དུས་ཀྱི་འགྱུར་བ་དང་བསྟུན་ནས་སློབ་མ་ཚོར་ལོ་ལྟར་དབྱར་ཆས་དང་དགུན་ཆས་ཞེས་སློབ་གོས་སྲབ་མཐུག་མི་འདྲ་བ་གཉིས་རེ་སྤྲོད་བཞིན་ཡོད་པ་ལས། ཏང་གི་སློབ་གསོའི་འགན་ལེན་གསུམ་གྱི་སྲིད་ཇུས་ཀྱི་སྦྲང་ཆར་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་ཚོའི་ལུས་སེམས་ཀྱི་ཞིང་སར་ཟིམ་ཟིམ་དུ་བབས་དང་འབབ་བཞིན་པ་མཚོན་གྱི་ཡོད།

    ཕྱི་ཡི་བཀོད་པ་མཛེས་ཤིང་ནང་གི་སྒྲིག་ཆས་ཡག་པ་དང་། གཙང་སྦྲ་དོད་པའི་སློབ་མའི་ཉལ་ཁང་དུ་དྲོད་རླངས་ཁྲིད་ཡོད་པས། སློབ་མ་རྣམས་གྲང་ངར་ཆེ་བའི་དགུན་ཟླ་གསུམ་གྱི་རིང་གྲང་ངར་གྱི་མནར་གཅོད་མྱོང་དགོས་མེད་པར། འཇམ་པོའི་མལ་དུ་སྐྱིད་པའི་གཉིད་ལ་རོལ་ཆོག

    ཡངས་ཤིང་དཀར་ཆ་དོད་པའི་སློབ་ཁྲིད་ཐོག་ཁང་དུ་སྤྱོད་ཡོན་གཉིས་ལྡན་གྱི་དགེ་རྒན་རྣམ་པས་དེང་རབས་ཚན་རྩལ་བྱེད་པོས་བཟོས་པའི་རིག་ནུས་ནག་པང་སྤྱོད་བཞིན་ན་ཆུང་སློབ་མ་རྣམས་ལ་བུམ་པ་གང་བྱོའི་ཚུལ་དུ་ཤེས་བྱའི་བདུད་རྩི་ཕངས་མེད་དུ་བྱོ་བཞིན་ཡོད།

    ད་དུང་། དགེ་རྒན་གྱི་གཞུང་ལས་ཁང་གི་མདུན་ལྕོག་རེ་རེའི་ཐོག་ཏུ་གློག་ཀླད་རེ་སྒྲིག་ཡོད་ལ། ཡིག་པར་འཕྲུལ་ཆས་དང། དྲོད་སྙོམ་འཕྲུལ་ཆས་སོགས་དེང་དུས་སྔོན་ཐོན་གྱི་སྒྲིག་ཆས་ཤ་སྟག་སྒྲིག་ཡོད་པ་མཐོང་དུས། རང་ཉིད་ནི་ནང་སའི་གྲོང་ཁྱེར་གྱི་སློབ་གྲྭ་ག་གེ་མོ་ཞིག་ཏུ་སླེབས་པ་ལྟ་བུའི་ཚོར་སྣང་ཞིག་སྐྱེས་འོང་།

    ཏང་དང་རྒྱལ་ཁབ་ཀྱིས་བོད་ཀྱི་ཞིང་འབྲོག་སློབ་གསོའི་འཕེལ་རྒྱས་ཆེད་འགྲོ་སོང་ཕོན་ཆེན་བཏང་བས། སློབ་མའི་ཟས་གོས་སྡོད་གསུམ་ལ་ཁྱིམ་བདག་གིས་འགྲོ་གྲོན་སྐར་ལི་ཙམ་ཡང་གཏོང་མི་དགོས་ཤིང་། ཁོང་ཚོ་སྐྱིད་སྐྱིད་ལྷ་ཡུལ་ལྟ་བུའི་སློབ་གྲྭའི་སྐྱེད་ཚལ་དུ་སློབ་སྦྱོང་དང་འཚོ་བར་དགའ་སྤྲོའི་ངང་རོལ་བཞིན་པ་མཐོང་

    དུས། ངའི་སེམས་སུ་རླབས་ཆེན་གུང་ཁྲན་ཏང་གིས་བོད་ལ་དམིགས་བསལ་གྱི་ཐུགས་ཁུར་ཟབ་བཞེས་གནང་བའི་མཛད་འཕྲིན་དག་ཁད་ཀྱིས་རྟོགས་པས། འོད་ཆེ་བ་ནམ་མཁའི་ནོར་བུ་ལྟ་བུའི་ཏང་གི་ཐུགས་རྗེའི་བཀའ་དྲིན་དག་ངའི་ཡིད་ཀྱི་ཞིང་སར་ཚ་སོབ་སོབ་ཏུ་འཕྲོ་འོང་གིན་འདུག

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།