དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-15

    དབྱར་དུས་ཀྱི་ས་མཐོར་སྔོ་ལྗང་གིས་བརྒྱན་ཞིང་ས་གཞི་ཆེན་པོའི་གང་སར་དགའ་བདེའི་དཔལ་ལ་རོལ། ཟླ་7ཚེས་12ཉིན་གྱི་དགོང་མོ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་བོད་ལྗོངས་ཟློས་གར་ཁང་ཆེན་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་འགོ་ཚུགས་མཛད་སྒོར་ཤིས་ཚིག་གསུངས་པ་རེད། ཁོང་གིས་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་ནི་རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་དར་སྤེལ་ཤུགས་ཆེན་བཏང་ནས་རིག་གནས་སྟོབས་ཆེན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་དང་། རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་གང་ལེགས་འགྲེམས་སྟོན་དང་། རིག་གནས་དམངས་ཕན་དམངས་ཁེ་མཚོན་པ། རིག་གནས་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། རིག་གནས་རིག་རྩལ་གྱི་ཕུལ་བྱུང་ཤེས་ལྡན་པ་གསོ་སྐྱོང་བཅས་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པས་བོད་ཀྱི་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་པ་ཐོགས་ངེས་རེད་ཅེས་གསུངས་པ་རེད།

    དབང་ཧའེ་ཀྲོའུ་ཡིས། ལྗོངས་ཡོངས་ཀྱི་རིག་གནས་འཐབ་ཕྱོགས་དང་ལྷག་པར་དུ་རྒྱ་ཆེའི་རིག་རྩལ་ལས་དོན་པས་ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ནས་ཕུལ་བྱུང་གི་སྤུས་ཚད་མཐོ་བའི་རིག་གནས་རིག་རྩལ་གྱི་བརྩམས་ཆོས་རྩེ་གྲ་དེ་བས་མང་བ་བཏོན་ནས་དུས་རབས་གསར་པའི་བོད་ལྗོངས་གསར་པའི་ཉམས་འགྱུར་བཟང་པོ་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ་སྤྱི་ཚོགས་ལས་རིགས་ཁག་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱ་རྒྱུའི་ཡིད་དབང་བཀུག་ནས་མཛེས་སྡུག་ལྡན་པའི་བསམ་པའི་རིག་གནས་འཚོ་བར་བཅངས་པའི་མི་རྣམས་ཀྱི་རེ་སྒུག་གསར་པ་རྒྱུན་ཆད་མེད་པར་སྐོང་ཐུབ་པ་བྱེད་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན། རིན་ཐང་དོན་གཉེར་བྱེད་ཕྱོགས་བཅས་སྟངས་འཛིན་ནན་པོ་བྱེད་པ་དང་།“དངོས་སྒྲུབ་དང་། གྲོན་ཆུང་། ནུས་ཆེ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་འགྲེམས་སྟོན་དང་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་ཁག་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ཆབ་སྲིད་ཀྱི་འགག་སྒོ་དང་། ཞིབ་དཔྱད་ཀྱི་འགག་སྒོ སྤུས་ཚད་ཀྱི་འགག་སྒོ་བཅས་ཡག་པོ་བསྲུངས་ཏེ་བྱེད་སྒོ་བདེ་འཇགས་དང་མི་སྣ་བདེ་འཇགས་ཡོང་བའི་འགན་ལེན་བྱས་ནས་སྒྱུ་རྩལ་དུས་ཆེན་དེ་སྤུས་ཚད་མཐོ་བ་དང་ཆུ་ཚད་མཐོ་བའི་མང་ཚོགས་རང་བཞིན་གྱི་རིག་གནས་འདུ་ཚོགས་གཟབ་རྒྱས་ཤིག་ཏུ་དངོས་འབྲེལ་གཉེར་རྒྱུའི་ཐུགས་རེ་གནང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“བདེ་སྐྱིད་བོད་ལྗོངས། བཀྲ་ཤིས་བདེ་ལེགས”ཡིན་པ་དང་། ཟླ་བ་གཅིག་གི་དུས་ཚོད་རིང་ཕུལ་བྱུང་ཟློས་གར་མཉམ་འཁྲབ་དང་། རིག་གནས་འགྲེམས་སྟོན། རིག་རྩལ་འགྲན་བསྡུར། མཉམ་འགུལ་ཉམས་ལེན་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་ཁག་16སྤེལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།