དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་ཟླ་7ཚེས་12ཉིན་འགོ་ཚུགས་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-10

    ཟླ་7ཚེས་8ཉིན། གསར་འགོད་པས་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིས་མཛུབ་ཁྲིད་བྱས་པ་དང་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པའི་2024ལོའི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་ཟླ་7ཚེས་12ཉིན་ལྷ་སར་འགོ་ཚུགས་རྒྱུ་དང་ཟླ་8ཚེས་12ཉིན་མཇུག་འགྲིལ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་དེ་འགོ་ཚུགས་མཛད་སྒོ་དང་། ལྗོངས་ཡོངས་ཀྱི་ཕུལ་བྱུང་ལེ་ཚན་འཁྲབ་སྟོན། རིག་གནས་སྒྱུ་རྩལ་འགྲན་བསྡུར། འགྲེམས་སྟོན། སྤེལ་རེས་བྱེད་སྒོ མཇུག་འགྲིལ་མཛད་སྒོ་སོགས་ལས་གྲུབ་ཡོད་པ་དང་། ཁྱོན་རིག་གནས་བྱེད་སྒོ་ཆེ་གྲས་ཁག་15དང་བྱེད་སྒོ་ཆུང་གྲས་ཁག་30ལྷག་ཙམ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།