བསོད་ནམས་ཉི་མ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་བོད་ལྗོངས་ནང་བསྟན་སློབ་གླིང་གི་ལོ་ཆུང་སྤྲུལ་སྐུའི་འཛིན་གྲྭའི་རྒྱལ་བབ་ཀྱི་ལྟ་སྦྱོང་གྲུབ་འབྲས་སྙན་ཞུའི་ཚོགས་འདུར་ཞུགས་པ།
ཟླ་6ཚེས་29ཉིན། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་བོད་ལྗོངས་ནང་བསྟན་སློབ་གླིང་གི་ལོ་ཆུང་སྤྲུལ་སྐུའི་འཛིན་གྲྭའི་རྒྱལ་བབ་ཀྱི་ལྟ་སྦྱོང་གྲུབ་འབྲས་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་བསོད་ནམས་ཉི་མ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་བཅས་ཡིན་པའི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཚོགས་འདུར་ཞུགས་པ་རེད། ཚོགས་འདུའི་ཐོག་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་ལོ་ཆུང་སྤྲུལ་སྐུའི་འཛིན་གྲྭའི་རྒྱལ་བབ་ཀྱི་ལྟ་སྦྱོང་བྱས་ཚུལ་སྐོར་གྱི་སྙན་ཞུ་གསན་པ་དང་ལྟ་སྦྱོང་ཚོགས་པའི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད།
བསོད་ནམས་ཉི་མས་ནན་བཤད་གནང་དོན། ཆོས་ལུགས་ལས་རིགས་ཀྱི་མི་སྣར“ཚད་གཞི་བཞི”བརྩི་སྲུང་ཞུ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཟབ་མོ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱ་རྒྱུ་དེ་ཞིབ་ཕྲའི་བྱ་སྤྱོད་ཐོག་དོན་འཁྱོལ་ཐུབ་པ་བྱེད་དགོས། “འདུ་ཤེས་གསུམ”དེ་བཀའ་ཆོས་གནང་བ་དང་བསྟན་དོན་འཆད་འགྲེལ་གྱི་རྒྱུན་གཏན་ནང་མཉམ་འདྲེས་ཐུབ་རྒྱུ་མཐའ་འཁྱོངས་བྱས་ཏེ། མེས་རྒྱལ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་སྐུལ་འདེད་མཁན་དུ་གྱུར་བ་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས“མོས་སེམས་ལྔ”ཟབ་ཏུ་བཏང་སྟེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་དགོས། ཕྱོགས་ཡོངས་ནས་ཆོས་ནན་སྐྱོང་གིས་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བོད་ལྗོངས་ནང་བསྟན་སློབ་གླིང་དང་ཡན་ལག་སློབ་གླིང་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་བ། ལོ་ཆུང་སྤྲུལ་སྐུའི་གསོ་སྐྱོང་དང་སློབ་གསོའི་རྣམ་པ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཉམས་མྱོང་ཁྱབ་གདལ་དང་ཕན་འབྲས་སྲ་བརྟན་དུ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་དགོས།