དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བཀའ་དྲིན་ཅན་གྱི་ཨ་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཚེ་རིང་དོན་ལྡན།   |     སྤེལ་དུས།  2024-06-30

    འཇིག་རྟེན་འདིར་རང་ལ་གསེར་ལས་རིན་ཐང་ཆེ་བའི་དངོས་པོ་སྦྱིན་མཁན་དང་བཀའ་དྲིན་ཆེ་ཤོས་ནི་རླབས་ཆེ་བའི་མ་ཡུམ་ཡིན། ཁོང་གི་སྐུ་གཟུགས་ནི་ཙ་རིའི་སྨྱུག་མ་དང་གཉིས་སུ་མེད་ལ་གདོང་ནི་སྒོར་སྒོར་ཡིན་པས་བོད་ཚེས་བཅོ་ལྔའི་ཟླ་བ་དང་མཚུངས། སྨིན་མ་ནི་འཇའ་ལྟར་གུག་པ་ཞིག་ཡོད།

    ཉིན་ཞིག་ང་ལ་ཚ་བ་རྒྱས་པས་ཨ་མ་ལགས་ཀྱིས་ང་སྒལ་པར་ཁུར་ནས་སྨན་ཁང་དུ་ཁྲིད་བྱུང་། སྨན་ཁང་གི་རྒྱལ་སྒོ་འཛུལ་མ་ཐག་ཨ་མ་ལགས་ཀྱིས་སྐད་ཤུགས་ཆེན་པོས། བདག་གི་བུ་ཚ་བས་མནར་འདུག་པས་གང་མགྱོགས་སྐྱོབ་རོགས་མཛོད་ཅེས་སྐད་བརྒྱབ་ནས། འདུར་མ་རྒྱུག་གིས་སྨན་ཁང་དུ་བསྐྱལ་བྱུང་།

    བདག་གི་སྣང་བར་བདག་གི་ཚ་བ་དེ་ཙམ་ཚབས་ཆེན་མིན་ཡང་། ཨ་མའི་སེམས་ནང་བདག་ལ་ཕལ་ཆེར་ནད་ལྕི་པོ་ཞིག་ཕོག་པའི་ཚོར་སྣང་བྱུང་འདུག གནས་ཚུལ་དེས་བདག་ལ་སེམས་འགུལ་ཚད་མེད་ཐེབས་ཏེ། མིག་ཟུང་ནས་མཆི་མའང་དབང་མེད་དུ་བཞུར་བྱུང་།

    ཨ་མ་ལགས། ཁྱེད་ནི་འཇིག་རྟེན་འདིར་བདག་ལ་བྱམས་ཤོས་དང་བརྩེ་ཤོས་གནང་མཁན་གྱི་བུད་མེད་དེ་ཡིན་པས། ངས་ནམ་ཡང་ཁྱེད་ཀྱི་བཀའ་དྲིན་བརྗེད་མི་སྲིད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།