གཏམ་དཔེ་རྣ་བའི་བུ་རམ།
རི་གཅིག་ལ་འཁོར་བའི་རི་དྭགས།
ཆུ་གཅིག་ལ་འཁོར་བའི་ཉ་སྲམ།
ཚིག་སྙན་པོ་མགྲིན་པའི་ལམ་ནས་བཤད།
དོན་ནོར་བུ་རྒྱ་མཚོའི་གཏིང་ནས་ལོན།
ཐོག་མི་འགྱུར་ཀ་བ་བཞིན།
འོག་མི་འགྱུར་ཀ་རྡོ་བཞིན།
འབྲུག་འུར་སྒྲ་ཆེ་ཡང་སྟོང་སྒྲ་རེད།
འཇའ་ཁ་དོག་མཛེས་ཀྱང་སྣང་བ་རེད།
གཏམ་དོན་ཆེན་རྣ་བས་གོ་ན་མཚར།
གོས་མདོག་ཆེན་རྒྱང་ནས་བལྟས་ན་ཡག
※ འགྲོ་རོགས་གྲིབ་མ་ནག་རིལ།
འདུག་རོགས་པུས་མོ་སྐྱ་རིལ།