དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • ཀོ་གྲུའི་རིག་གནས་ཀྱི་འཕོ་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-14

    འདི་ནི་2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ཀོ་གྲུའི(གྲུ་ཤན་འབྲུག་མགོ་མ)འགྲན་བསྡུར་གྱི་འགོ་འཛུགས་མཛད་སྒོའི་ཐོག་མང་ཚོགས་ཀྱིས་ཀོ་རྩེད་འཁྲབ་བཞིན་པ།

    ཟླ་6ཚེས་9ཉིན། 2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ཀོ་གྲུའི(གྲུ་ཤན་འབྲུག་མགོ་མ)འགྲན་བསྡུར་ལྷ་ས་སྐྱིད་ཆུར་གཉེར་བ་དང་། དེ་ནི་བོད་དུ་གྲོང་ཁྱེར་གྱི་གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་གཉེར་ཐེངས་དང་པོ་དེ་རེད་ལ་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་ཞིག་ཀྱང་རེད།

    ཟླ་6ཚེས་10ཉིན་ནི། ལྔ་པའི་ཚེས་ལྔའི་དུས་ཆེན་ཡིན་པ་དང་ཉིང་ཁྲིའི་ཀླུ་ནང་གི་བཀྲ་ཐང་ཀླུ་མཚོའི་མཚོ་ཁོངས་སུ་2024ལོའི་བོད་ལྗོངས་ཉིང་ཁྲིའི་གནམ་ལྕགས་འབར་བའི་ས་མཐོའི་ལུས་རྩལ་ཚོགས་ཆེན་ཀླུ་ནང་ཀྲུང་ནེ་ས་མཐོའི་གྲུ་ཤན་འབྲུག་མགོ་མའི་མཛའ་གྲོགས་འགྲན་བསྡུར་གཉེར་བ་རེད།

    དོ་སྣང་བྱེད་རིན་ཡོད་པ་ཞིག་ལ་ད་ཐེངས་ཀྱི་གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་དེ་གཉིས་ནང་ཀོ་གྲུ་དེ་ཉིད་རྣམ་པ་གསར་རྐྱང་གི་ཐོག་ནས་སྤྱི་དམངས་ཀྱི་འདྲེན་བྱེད་ཡུལ་དུ་མངོན་ཡོད།

    འབྱུང་ཁུངས།

    ཀོ་གྲུ་ནི་དེ་སྔ་བོད་ཀྱི་ཆུ་ཐོག་སྐྱེལ་འདྲེན་གྱི་ཡོ་ཆས་གལ་ཆེན་ཞིག་ཡིན་པ་དང་བོད་ལྗོངས་ས་མཐོར་ཆུ་བོ་མང་བ་དང་། ས་དབྱིབས་རྙོག་འཛིང་ཆེ་བ། ཆུ་ཡུར་དུ་ཕ་བོང་གིས་ཁེངས་པ། ཆུ་བོ་དྲག་ཏུ་རྒྱུག་པ་བཅས་ལས་རང་བྱུང་ཁོར་ཡུག་དང་བསྟུན་ཆེད་བོད་རིགས་མི་དམངས་ཀྱིས་ཀོ་གྲུ་བཟོས།

    ཀོ་གྲུའི་འབྱུང་ཁུངས་སྔ་ཤོས་དེ་བོད་བཙན་པོའི་དུས་སྐབས་བར་ཁུངས་འདེད་ཐུབ་པ་དང་ཕོ་བྲང་པོ་ཏ་ལ་དང་བསམ་ཡས་དགོན་གྱི་ལྡེབས་རིས་ཐོག་མི་ཚོས་གནའ་བོའི་ཀོ་གྲུའི་གཟུགས་བརྙན་མཐོང་ཐུབ། བོད་བཙན་པོའི་དུས་སྐབས་ཀྱི་ཀོ་གྲུ་ནི་ཟླུམ་གཟུགས་ཡིན་པ་དང་ཆེ་ཆུང་ནི་ད་ཆའི་ཀོ་གྲུའི་ཕྱེད་ཀ་ཙམ་ལས་མེད་ལ་དེའི་ནང་མང་ཤོས་ལ་མི་གསུམ་བཞི་ལས་ཤོང་གི་མེད། ཀོ་གྲུ་ནི་གཙང་པོའི་ངོགས་གཉིས་ཀྱི་མི་རྣམས་འགྲོ་འོང་བྱེད་པའི་ཡོ་ཆས་གལ་ཆེན་ཞིག་ཡིན་པ་དང་ལྷ་ས་གྲོང་ཁྱེར་ཉེ་འགྲམ་ཁོ་ནར་དཔེ་མཚོན་ན་སྐྱིད་ཆུའི་སྟོད་རྒྱུད་ནས་སྨད་རྒྱུད་བར་ཤན་ཁ་དང་སྣེའུ་གྲུ་ཁ་ཁག་གཉིས་ཡོད་པ་རེད།

    བོད་ཞི་བས་བཅིངས་འགྲོལ་བཏང་རྗེས། གཙང་རྒྱུད་མི་སེར་གྱིས་ཀོ་གྲུ་སྤྱད་དེ་དངོས་རྫས་ཉོ་ཚོང་དང་མཛའ་གྲོགས་འགྲོ་འོང་གི་འགན་འཁྲི་འཁུར་ནས་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་བསྐྲུན་ཡོད།

    མེད་པར་གྱུར་པ།

    ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་འཇུན་པ་གྲོང་ཚོ་ནི་ལྷ་ས་སྐྱིད་ཆུ་དང་ཡར་ཀླུང་གཙང་པོ་འདྲེས་ཁུལ་དུ་གནས་ཤིང་། གྲོང་ཚོའི་གཞོགས་གསུམ་རི་བོས་བསྐོར་བ་དང་གཞོགས་གཅིག་གཙང་པོས་ཆོད་ཡོད། ཀོ་གྲུ་བསྡད་དེ་ལྷ་ས་སྐྱིད་ཆུ་སྒྲོལ་བ་ནི་དེ་སྔ་གྲོང་མི་རྣམས་ཕྱོགས་སུ་ཐོན་སྟངས་འབའ་ཞིག་དེ་རེད།

    འདི་ལོ་ལོ་55ལ་སླེབས་པའི་ཉི་ཆུང་ནི་དེ་སྔ་ལྷ་ས་སྐྱིད་ཆུའི་སྣེའུ་གྲུ་ཁའི་གྲུ་པ་ཞིག་རེད།

    ཁོང་གིས་གསར་འགོད་པར་ངའི་མེས་པོ་ཚོས་དེ་སྔ་གྲུ་ཁ་དེར་ཀོ་གྲུ་བཏང་ནས་མི་དབོར་འདྲེན་བྱེད་མྱོང་ཡོད་ཅེས་བཤད།

    2013ལོའི་གོང་དུ། སྣེའུ་ཁུལ་གྱི་མི་རྣམས་ལྷ་སར་འགྲོ་སྐབས་སྣེའུ་ལུང་ཤུར་གྱི་ཤར་ངོས་རི་འབུར་ནས་ཆུ་འགྲམ་དུ་བབས་ཏེ་རྐང་ཐང་མར་སྤྱི་ལེ་2བསྐྱོད་རྗེས་ཀོ་གྲུ་བསྡད་དེ་གཙང་ཆུ་སྒྲོལ་དགོས་ཀྱི་ཡོད།

    ཀོ་གྲུ་གཏོང་རྒྱུ་ནི་ཤུགས་ལས་ཤིག་ཡིན་ཞིང་། ཉི་ཆུང་གིས་དགུན་དུས་ཆུ་བོ་ཆུང་བས་ཆུ་བོའི་ཕ་རོལ་གྱི་མཚོ་བོད་དང་ཁྲོན་བོད་གཞུང་ལམ་གྱི་དྲན་གསོའི་རྡོ་རིང་གི་གཤམ་བར་སྨི་100ལྷག་ཙམ་ལས་མེད། དབྱར་དུས་ཆུ་བོ་རྒྱས་སྟབས་ཆུ་བོའི་ཕ་རོལ་བར་ཉུང་མཐར་ཡང་ཆུ་ཚོད་ཕྱེད་ཀ་ཙམ་འགོར་གྱི་ཡོད་ལ་གལ་ཏེ་ལྷགས་པ་ལྡང་ཚེ་དེ་བས་དཀའ་ཚེགས་ཆེན་པོ་ཡོད་ཅེས་བཤད།

    དུས་ཚོད་ཀྱི་འཁོར་ལོ་རིམ་བཞིན་འཁོར་བ་དང་སྦྲགས་དུས་རབས་འཕེལ་རྒྱས་སོང་ཞིང་། ལྷ་ས་སྐྱིད་ཆུ་དང་ཡར་ཀླུང་གཙང་པོ་འཕྲེད་བརྒལ་བྱེད་པའི་ཟམ་ཆེན་སྔ་ས་ནས་བསྐྲུན་ཟིན་པ་དེས་གྲོང་མི་ཕྱིར་སྐྱོད་ལ་དེ་བས་སྟབས་བདེ་རུ་ཕྱིན་ཡོད། ད་ཆ་ཀོ་གྲུ་ནི་ཕྱིར་སྐྱོད་ཀྱི་ཡོ་ཆས་གལ་ཆེན་ཞིག་མིན་པ་དང་། དེ་སྔའི་ཆུ་བོ་སྒྲོལ་བའི་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་ཆས་གལ་ཆེན་དེ་དག་ད་ཆ་ལོ་རྒྱུས་ཀྱི་གར་སྟེགས་ནས་ཕྱིར་འཐེན་བྱས་ཟིན།

    སླར་གསོ་བྱུང་བ།

    ཟླ་6ཚེས་9ཉིན། 2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ཀོ་གྲུའི(གྲུ་ཤན་འབྲུག་མགོ་མ)འགྲན་བསྡུར་ལྷ་ས་སྐྱིད་ཆུར་གཉེར་བ་དང་བོད་ཀྱི་ཀོ་གྲུའི་ལུས་རྩལ་པ་40ཡིས་ཚ་ཚ་འུར་འུར་ངང་འགྲན་བསྡུར་འཁྲུག་པོ་བྱས་པར་ལྟད་མོ་བ་ཚོའི་དགའ་འབོད་ཀྱི་སྒྲ་བར་མེད་གྲགས།

    དེ་སྔའི་མི་སེར་ཚོའི་ཕྱིར་སྐྱོད་གྱི་ཡོ་ཆས་གཙོ་བོ་ཡིན་པའི་ཀོ་གྲུ་དེ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་ལུས་རྩལ་རོལ་རྩེད་བྱེད་སྒོ་ཞིག་ཏུ་གྱུར།

    ཀོ་གྲུའི་འགྲན་བསྡུར་མཇུག་འགྲིལ་རྗེས། འབྲུག་མཆོང་སྟག་རྩེད་རུ་ཁག་ལ་ཨང་གསུམ་པ་ཐོབ་པ་དང་བདམས་ཐོན་པ་ལྷག་པ་ཚེ་རིང་གིས་ལག་ཏུ་བྱ་དགའི་བུམ་པ་འཁྱེར་ཏེ་ཀོ་གྲུ་དང་མཉམ་པར་བརྒྱབ་ཅིང་། ཁོང་གིས་གསར་འགོད་པར“དེ་ནི་འགྲན་བསྡུར་ཙམ་ཞིག་ཡིན་པ་མ་ཟད། མི་དེ་བས་མང་བར་བོད་ཀྱི་ཐུན་མོང་མ་ཡིན་པའི་ཀོ་གྲུའི་རིག་གནས་ཤེས་རྟོགས་བྱེད་ཐུབ”ཅེས་དགའ་སྤྲོའི་ངང་བཤད།

    ལྷག་པ་ཚེ་རིང་ནི་འཇུན་པ་གྲོང་ཚོ་ནས་ཡིན་པ་དང་ཀོ་རྩེད་ནི་2008ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་གཉིས་པར་བཅུག་ཡོད། ད་ཐེངས་ཀྱི་ཀོ་གྲུའི(གྲུ་ཤན་འབྲུག་མགོ་མ)འགྲན་བསྡུར་གྱི་བདམས་ཐོན་པ་ལྷག་པ་ཚེ་རིང་ལ་ད་དུང་ཐོབ་ཐང་གཞན་ཞིག་ཡོད་པ་སྟེ། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དྲུག་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་རེད།

    ད་ཆ། འཇུན་པ་གྲོང་ཚོར་རྩེད་འཇོར་ཡོང་མཁན་ཇེ་མང་དུ་འགྲོ་བ་དང་ཀོ་གྲུ་དང་ཀོ་རྩེད་དེ་འཇུན་པ་གྲོང་ཚོའི་ཡུལ་སྐོར་མིང་བྱང་ཞིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།