དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག
  • རང་ལྗོངས་ཀྱི་ས་གནས་ཁག་གིས“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོར”ངོ་མཚར་ཆེ་བའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-10

    འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”བྱེད་སྒོར་ཁ་བྲོ་བཀྲ་ཤིས་སྤུན་བདུན་ལྷ་མོ་ཚོགས་པས་ལྷ་མོ་འཁྲབ་བཞིན་པ།

    འདི་ནི་མངའ་རིས་ས་ཁུལ་གྱི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”བྱེད་སྒོར་ཕྲུ་གུ་ཚོས་ཡིག་གཟུགས་ཉམས་ལེན་བྱེད་བཞིན་པ།

    འདི་ནི་ནག་ཆུ་གྲོང་ཁྱེར་གྱི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”བྱེད་སྒོར་འཁྲབ་སྟོན་པས《ཨ་ཆེ་དང་ཚར་ཞྭ》ཞེས་པའི་ཞབས་བྲོ་འཁྲབ་བཞིན་པ།

    ཟླ་6ཚེས་8ཉིན་ནི་2024ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”ཡིན་ཞིང་། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་ཤིང་ངོ་མཚར་ཆེ་བའི་དྲ་ཐོག་དང་དྲ་ཕྱིའི་བྱེད་སྒོ་ཧུར་ཐག་སྤེལ་ནས། རིག་གནས་ཤུལ་བཞག་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ནང་མཉམ་འདྲེས་ཐུབ་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ཡོངས་ཐུན་མོང་ཐོག་རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ནང་ཞུགས་པའི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད་པ་རེད།

    ཚེས་8ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཀྱི་2024ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”ཚོགས་ར་གཙོ་བོའི་བྱེད་སྒོ་གཞིས་རྩེ་གྲོང་ཁྱེར་དུ་སྤེལ་ཞིང་། “མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་ཆེད་མངགས་འཁྲབ་སྟོན”དང་།“མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་འགྲེམས་ཚོང” “མངོན་མིན་རིག་གནས་ཤུལ་བཞག་གི་ཕྱག་རྟག་འབུལ། དྲ་ཐོག་ཚོང་དོན་གྱིས་ཐད་གཏོང་ཟོག་ཚོང་ལ་རམ་འདེགས་བྱེད་པ” “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཞ་ལུའི་རིག་དངོས་དམིགས་བསལ་འགྲེམས་སྟོན”སོགས་ཚུད་ཡོད། འབྲེལ་ཡོད་སྡེ་ཚན་ཁག་དང་ས་ཁུལ་དང་གྲོང་ཁྱེར་ཁག་གི་འཐུས་མི་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་འགྲེམས་སྟོན་མི་སྣ་རྣམས་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་གསར་གཏོད་ཐོན་ལས་གླིང་དུ་འཛོམས་ནས་སྙན་འཇེབས་ལྡན་པའི་གླུ་དབྱངས་ལེན་པ་དང་ཁྱད་ཆོས་ལྡན་པའི་ཞབས་བྲོ་འཁྲབ་ནས་དུས་རབས་གསར་པར་བསྔགས་བརྗོད་བྱས་པ་མ་ཟད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་བཏང་སྟེ་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཀྱང་བྱས་ཡོད། གཞིས་རྩེའི་ཚོགས་ར་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་ཕུད། ལྗོངས་ཡོངས་ཀྱིས་ད་དུང་སྣ་མང་ཕུན་སུམ་ཚོགས་པའི་དྲ་ཐོག་དང་དྲ་ཕྱིའི་བྱེད་སྒོ་ཐེངས་བརྒྱ་ལྷག་ཙམ་གཅིག་རྗེས་གཉིས་མཐུད་ངང་གཉེར་རྒྱུ་ཡིན་པ་རེད།

    ནག་ཆུ་གྲོང་ཁྱེར་མཐུན་སྒྲིལ་ཐང་ཆེན་དུ་མི་ཚོགས་འདུ་འཛོམས་ཆེ་བས་ཧ་ཅང་འཁྲུག་ཆ་དོད། “རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོ་དེ་གར་སྤེལ་བཞིན་ཡོད་ཅིང་། བྱེད་སྒོ་སྤེལ་རིང་འགྲེམས་སྟོན་སྟེགས་བུའི་གཞོགས་གཉིས་སུ་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་དང་དེ་བཞིན་རིག་གནས་ཡུལ་སྐོར་ཁེ་ལས་20ཡི་བསླས་འཐག་དང་། ཤིང་བརྐོས། རི་མོ། ཡིག་གཟུགས་དང་དེ་བཞིན་ཁྱད་ལྡན་རིག་གནས་བསམ་བཀོད། ཞིང་འབྲོག་ཐོན་རྫས་སོགས་སྣ་ཚོགས་སྒྲིག་ཡོད་པ་དང་། ཆེད་དོན་འགྲེམས་པང་ཐོག་ནག་ཆུ་གྲོང་ཁྱེར་གྱི་ཉེ་བའི་ལོ་ཤས་རིང་གི་ཉ་དེའུ་གནའ་ཤུལ་དང་། “གནམ་མཚོ་སྐོར་བའི”གནའ་རྫས་རྟོག་ཞིབ། “དྭངས་རྭ་གཡུ་མཚོ་སྐོར་བའི”གནའ་རྫས་རྟོག་ཞིབ་སོགས་ཀྱི་གནའ་རྫས་རྟོག་ཞིབ་གལ་ཆེན་གྱི་གྲུབ་འབྲས་འགྲེམས་སྟོན་བྱས་པ་མ་ཟད། 《རྩྭ་ཐང་བསྟོད་གླུ》དང《ཞྭ་བཤད》སོགས་གླུ་གར་འཁྲབ་སྟོན་བྱས་ཏེ་མི་རྣམས་ཀྱིས་རིག་དངོས་ཤེས་རྟོགས་དང་སྲུང་སྐྱོང་བྱེད་པའི་སྤྲོ་སེམས་སྔར་བས་འཕེལ་ཡོད།

    མངའ་རིས་ས་ཁུལ་གྱིས་ཞང་ཞུང་རིག་གནས་ཐང་ཆེན་དུ“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”བྱེད་སྒོ་རབ་དང་རིམ་པ་སྤེལ་བའི་ནང་། ལེ་ཚན་འགྲེམས་སྟོན་དང་། རྩལ་ནུས་ཉམས་ལེན། གྲུབ་འབྲས་འགྲེམས་སྟོན། སྤེལ་རེས་འཆད་ཁྲིད། ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་། རིག་གནས་གསར་གཏོད་འགྲེམས་སྟོན་སོགས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་ནང་དོན་30ལྷག་ཙམ་ཚུད་ཡོད་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཤོན་སོགས་སྲོལ་རྒྱུན་གླུ་གར་འཁྲབ་སྟོན་བྱས་པ་དང་། སྤུ་ཧྲེང་གི་གྱོན་ཆས་བྱིས་པ་དང་། སི་བཏགས་ལག་ཕྱིས། དྲི་ཞིམ་ལེབ་མོ་སོགས་རིག་གནས་གསར་གཏོད་ཐོན་རྫས་ཧ་ཅང་མང་པོ་ཡོད་པ་རེད། དེ་དང་ཆབས་ཅིག་གཙོ་གཉེར་ཕྱོགས་ཀྱིས་ད་དུང་མང་ཚོགས་ལ་མངའ་རིས་ས་ཁུལ་གྱི་རིག་དངོས་སྲུང་སྐྱོང་གི་གྲུབ་འབྲས་འགྲེམས་སྟོན་བྱས་པ་དང་འབྲེལ་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་གི་དོན་སྙིང་གལ་ཆེན་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཀྱང་བྱས་པ་རེད།

    ཉིང་ཁྲི་གྲོང་ཁྱེར་གྱི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”མངོན་མིན་རིག་གནས་ཤུལ་བཞག་གི་དྲིལ་བསྒྲགས་འགྲེམས་སྟོན་བྱེད་སྒོ་བྲག་ཡིབ་ཆུས་ཧྥུའུ་ཅན་སྤྱི་གླིང་དུ་གཉེར་བ་རེད། རྡོ་རྗེ་ཕ་གཤོང་གི་རལ་པ་དང་། ཀོང་པོའི་མདའ་གཞས། མི་ནག་འཆམ། རྨ་བྱའི་ཞབས་བྲོ་སོགས་ཉིང་ཁྲིའི་མཚོན་བྱེད་རང་བཞིན་གྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་རེས་མོས་ཀྱིས་འཁྲབ་སྟོན་བྱེད་ཞོར་དུ་ཀོང་པོའི་དམངས་ཁྲོད་གླུ་གར་གྱི་གྲངས་གཞིའི་མཛོད་ཀྱི་གྲུབ་འབྲས་ཁྱབ་བསྒྲགས་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་མཁན་ལ་བཅར་འདྲི་སོགས་ཀྱང་བྱས་པ་རེད། བྱེད་སྒོ་སྤེལ་སར་ད་དུང་མངོན་མིན་རིག་གནས་ཤུལ་བཞག་ཤེས་བྱའི་བྱ་དགའ་ཡོད་པའི་དྲི་བ་དྲིས་ལན་དང་མངོན་མིན་རིག་གནས་ཉམས་ལེན་སོགས་འགྲེམས་སྟོན་ཁུལ་བཀོད་སྒྲིག་བྱས་ནས“མངོན་མིན་རིག་གནས་ཤུལ་བཞག་ཉོ་སྒྲུབ་དུས་ཆེན”གྱི་བྱེད་སྒོ་སྤེལ་ཏེ། ཟུར་ཚད་མང་པོ་དང་རིམ་པ་མང་པོས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བར་ཉིང་ཁྲི་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་གྲུབ་འབྲས་འགྲེམས་སྟོན་བྱས་པ་རེད།

    ལྷོ་ཁ་གྲོང་ཁྱེར་གྱི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”དྲིལ་བསྒྲགས་འགྲེམས་སྟོན་བྱེད་སྒོ་སྣེ་གདོང་ཆུས་ཡར་ཀླུང་གཙང་པོའི་ཁྲོམ་གཞུང་དུ་སྤེལ་འགོ་ཚུགས་པ་རེད། སྣེ་གདོང་གི་རྩེད་ཐེར་དང་། གོང་དཀར་ལྕེ་བདེ་ཞོལ་གྱི་པང་གདན། མཚོ་སྨད་བྲག་རྩའི་རྒྱན་གོས། ལྷུན་རྩེའི་ལྷོ་པའི་རྒྱན་གོས། གྲ་ནང་གི་སྣམ་བུ་སོགས་འགྲེམས་སྟོན་བྱས་ཏེ། དེ་གར་ཡོད་པའི་ལྟད་མོ་བ་ཚོས་སྲོལ་རྒྱུན་མི་རིགས་རྒྱན་གོས་ལ་རྒྱུས་མངའ་བྱུང་ཡོད། བྱེད་སྒོ་སྤེལ་སར་ད་དུང་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་དང་། རིག་གནས་ཁེ་ལས། མཉམ་ལས་ཁང་སོགས་སྒྲིག་འཛུགས་བྱས་ནས་གཅིག་སྡུད་དྲིལ་བསྒྲགས་ཁྱབ་གདལ་དང་འགྲེམས་སྟོན་འགྲེམས་ཚོང་བྱས་པ་རེད།

    “མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་དང་ལོ་རྒྱུས་ཀྱི་རིག་གནས་རྒྱུན་མཐུད་ཀྱིས་དུས་རབས་ཀྱི་ལེའུ་ཧུར་ཐག་རྩོམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་བྱེད་སྒོ་རབ་དང་རིམ་པ་གོ་འཇོ་རྫོང་ལྟེ་བའི་སློབ་ཆུང་དུ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོ་དེ་མངོན་མིན་རིག་གནས་ཤུལ་བཞག་ངོམ་སྟོན་དང་། མངོན་མིན་རིག་གནས་ཤུལ་བཞག་གི་སློབ་ཚན་ཁྲིད་པ། མངོན་མིན་རིག་གནས་ཤུལ་བཞག་གི་མཛེས་པ་ཉམས་ལེན། མངོན་མིན་རིག་གནས་ཤུལ་བཞག“རྒྱུན་འཛིན”སོགས་ཀྱི་ལྷུ་ཚིགས་ལས་གྲུབ་ཡོད། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་10ལྷག་ཙམ་གྱིས་མངོན་མིན་རིག་གནས་ཤུལ་བཞག་གི་ཤེས་བྱ་འགྲེལ་བཤད་དང་བཟོ་སྐྲུན་ལག་རྩལ་འགྲེམས་སྟོན་ཟུང་འབྲེལ་བྱེད་པའི་རྣམ་པ་སྤྱད་ནས་སློབ་མ་1000ལྷག་ཙམ་གྱིས་མངོན་མིན་རིག་གནས་ཤུལ་བཞག་ལ་རྒྱུས་ལོན་དང་མྱོང་ཚོར་ཐུབ་པར་བྱས་ཡོད་ལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་ཐུབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།