ཧན་ཧྲུའུ་ལི་དང་མ་ལི་ཧྭ་དང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་ཐོག་དཔེ་དེབ་སྤྲོད་པའི་སྤྱི་ཕན་བྱེད་སྒོ་བོད་ལྗོངས་མཛེས་རྩལ་ཁང་དུ་སྤེལ་བ།
ཉིན་ཤས་གོང་། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་དང་། ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་གཉེར་འགན་ཁུར་བའི“ས་མཐོར་བརྩེ་བ་བཅངས་ནས་བོད་ལྗོངས་རྒྱུས་ལོན་བྱེད། —— ཧན་ཧྲུའུ་ལི་དང་མ་ལི་ཧྭ་དང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་ཐོག་དཔེ་དེབ་སྤྲོད་པའི་སྤྱི་ཕན་བྱེད་སྒོ”བོད་ལྗོངས་མཛེས་རྩལ་ཁང་དུ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། བོད་ཀྱི་སློབ་གྲྭ་མང་པོ་དང་རིག་གནས་ཚན་པར་ཧན་ཧྲུའུ་ལི་ཡི་དཔེ་དེབ་གསར་པ《བོད་ཀྱི་སྣང་བརྙན་དངོས་མཚོན་པའི་ལོ་ངོ་ལྔ་བཅུ》དང་། མ་ལི་ཧྭ་ཡི་དངོས་བྲིས་རྩོམ་རིག་རབ་དང་རིམ་པའི་དཔེ་ཚོགས《བོད་དུ་བསྐྱོད་པ》 དེ་བཞིན་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་དཔེ་དེབ་རབ་དང་རིམ་པ་བསྡོམས་དེབ་ཁྲི་2.5ལྷག་སྤྲད་པར་རིན་ཐང་སྒོར་ཁྲི་200ཙམ་ཟིན་གྱི་ཡོད། དེའི་ནང་། ཧན་ཧྲུའུ་ལི་དང་མ་ལི་ཧྭ་མི་སྒེར་གྱིས་མ་དངུལ་བཏང་ནས་ཉོས་པའི་དཔེ་དེབ་1000ཚུད་ཡོད་པ་རེད།