མངའ་རིས་སུ་གཟིགས་མོར་ཕེབས་ཤོག
གངས་མཚོ་རྣམ་གཉིས་ཞེས་མཚན་དཔེ་རྒྱས་ལ། །
གཙང་པོའི་འགྲམ་ངོགས་ཀྱི་སེང་གེ་གྲོང་ནས། །
ཏང་གི་མཛད་ཕྱོགས་རྣམས་ཁྲི་གདུགས་ཉི་མ། །
འཕེལ་རྒྱས་ལམ་ཆེན་སྟེང་འོད་ཟེར་འཕྲོ་བའི། །
སྟོད་ཀྱི་མངའ་རིས་སུ་གཟིགས་མོར་ཕེབས་ཤོག །
གངས་མཚོ་རྣམ་གཉིས་ཞེས་མཚན་དཔེ་རྒྱས་ལ། །
གཙང་པོའི་འགྲམ་ངོགས་ཀྱི་སེང་གེ་གྲོང་ནས། །
ཞང་ཞུང་རིག་གནས་ཀྱི་དབུ་འཕང་མཐོ་ཞིང་། །
ཡུལ་སྐོར་གནས་རི་དང་གནས་བཟང་མང་བའི། །
སྟོད་ཀྱི་མངའ་རིས་སུ་གཟིགས་མོར་ཕེབས་ཤོག །
གངས་མཚོ་རྣམ་གཉིས་ཞེས་མཚན་དཔེ་རྒྱས་ལ། །
གཙང་པོའི་འགྲམ་ངོགས་ཀྱི་སེང་གེ་གྲོང་ནས། །
མཐའ་མཚམས་ལྕགས་རི་ནི་སྲ་ཞིང་བརྟན་པ། །
འཆམ་མཐུན་གླིང་ཁ་ན་དགའ་རྒུས་མྱོས་པའི། །
སྟོད་ཀྱི་མངའ་རིས་སུ་གཟིགས་མོར་ཕེབས་ཤོག །
གངས་མཚོ་རྣམ་གཉིས་ཞེས་མཚན་དཔེ་རྒྱས་ལ། །
གཙང་པོའི་འགྲམ་ངོགས་ཀྱི་སེང་གེ་གྲོང་ནས། །
སྤུན་ཟླ་མི་རིགས་ཚོ་ལྷན་གཅིག་འཛོམས་སོང་། །
མཐུན་སྒྲིལ་ལག་གདང་ལ་ལྷོད་དུས་མེད་པའི། །
སྟོད་ཀྱི་མངའ་རིས་སུ་གཟིགས་མོར་ཕེབས་ཤོག །
གངས་མཚོ་རྣམ་གཉིས་ཞེས་མཚན་དཔེ་རྒྱས་ལ། །
གཙང་པོའི་འགྲམ་ངོགས་ཀྱི་སེང་གེ་གྲོང་ནས། །
སྤྱི་ཚོགས་གསར་རྙིང་གི་ཁྱད་པར་རྟོགས་ཀྱིན། །
ཏང་འཛུགས་ལས་དོན་ལ་དམ་འཛིན་ཡག་པའི། །
སྟོད་ཀྱི་མངའ་རིས་སུ་གཟིགས་མོར་ཕེབས་ཤོག །
གངས་མཚོ་རྣམ་གཉིས་ཞེས་མཚན་དཔེ་རྒྱས་ལ། །
གཙང་པོའི་འགྲམ་ངོགས་ཀྱི་སེང་གེ་གྲོང་ནས། །
ལས་བྱེད་མང་ཚོགས་གཉིས་ཉ་ཆུའི་བརྩེ་སེམས། །
བསླབ་པ་དོན་གཉེར་གྱི་ཚ་རླབས་འཕྱུར་བའི། །
སྟོད་ཀྱི་མངའ་རིས་སུ་གཟིགས་མོར་ཕེབས་ཤོག །
གངས་མཚོ་རྣམ་གཉིས་ཞེས་མཚན་དཔེ་རྒྱས་ལ། །
གཙང་པོའི་འགྲམ་ངོགས་ཀྱི་སེང་གེ་གྲོང་ནས། །
ཐང་ཆེན་མེ་ཏོག་གིས་འཛུམ་ཞལ་ངོམས་ཤིང་། །
རི་ཀླུང་ཐང་གསུམ་ནས་སྣུམ་ཞག་འཕྱུར་བའི། །
སྟོད་ཀྱི་མངའ་རིས་སུ་གཟིགས་མོར་ཕེབས་ཤོག །
གངས་མཚོ་རྣམ་གཉིས་ཞེས་མཚན་དཔེ་རྒྱས་ལ། །
གཙང་པོའི་འགྲམ་ངོགས་ཀྱི་སེང་གེ་གྲོང་ནས། །
མཚན་མོའི་གློག་སྒྲོན་དག་ཉིན་བྱེད་ཇི་བཞིན། །
གྲོང་དང་གྲོང་གསེབ་ཀྱི་གང་སར་ཁྱབ་པའི། །
སྟོད་ཀྱི་མངའ་རིས་སུ་གཟིགས་མོར་ཕེབས་ཤོག །
གངས་མཚོ་རྣམ་གཉིས་ཞེས་མཚན་དཔེ་རྒྱས་ལ། །
གཙང་པོའི་འགྲམ་ངོགས་ཀྱི་སེང་གེ་གྲོང་ནས། །
ཚན་རིག་གསར་གཏོད་ཀྱི་བློ་མིག་ཐོགས་བཞིན། །
ཕྱུག་འགྱུར་མི་སྣ་ཡིས་ཡུལ་ཁམས་འདྲེན་པའི། །
སྟོད་ཀྱི་མངའ་རིས་སུ་གཟིགས་མོར་ཕེབས་ཤོག །
གངས་མཚོ་རྣམ་གཉིས་ཞེས་མཚན་དཔེ་རྒྱས་ལ། །
གཙང་པོའི་འགྲམ་ངོགས་ཀྱི་སེང་གེ་གྲོང་ནས། །
གནས་སྤོས་འཚོ་བ་འདི་སྐྱ་ནམ་རྒྱས་པ། །
བདེ་སྐྱིད་གླུ་དབྱངས་ཀྱི་འགྱུར་ཁུག་སྙན་པའི། །
སྟོད་ཀྱི་མངའ་རིས་སུ་གཟིགས་མོར་ཕེབས་ཤོག །
གངས་མཚོ་རྣམ་གཉིས་ཞེས་མཚན་དཔེ་རྒྱས་ལ། །
གཙང་པོའི་འགྲམ་ངོགས་ཀྱི་སེང་གེ་གྲོང་ནས། །
ཐོན་ལས་རོགས་སྐྱོར་གྱི་རྣམ་གྲངས་མང་ཞིང་། །
ཞིང་འབྲོག་བྱ་གཞག་ལ་འབྲས་བཟང་སྨིན་པའི། །
སྟོད་ཀྱི་མངའ་རིས་སུ་གཟིགས་མོར་ཕེབས་ཤོག །
གངས་མཚོ་རྣམ་གཉིས་ཞེས་མཚན་དཔེ་རྒྱས་ལ། །
གཙང་པོའི་འགྲམ་ངོགས་ཀྱི་སེང་གེ་གྲོང་ནས། །
སྔོན་མངགས་བརྒྱ་ཤོག་གི་སྙིང་སྟོབས་གཡར་ཏེ། །
ཀྲུང་གོའི་ཕུགས་འདུན་ཆེད་ལང་ཚོ་འབུལ་བའི། །