དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཉི་འོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  འཇོ་མདའ་པདྨ།   |     སྤེལ་དུས།  2024-06-09

    ཉི་འོད་ཀྱི་ཀློང་ནས་འཇིག་རྟེན་གྱི་མཛེས་པ་མཐོང་ཐུབ།

    ཉི་འོད་ཀྱི་ཀློང་ནས་འཚོ་བ་ཡི་སྙིང་པོ་རྙེད་ཐུབ།

    ཉི་འོད་ཀྱི་ཀློང་ནས་ཚེ་སྲོག་གི་ཡལ་ག་རྒྱས་ཐུབ།

    ཉི་འོད་ཀྱི་ཀློང་ནས་རྣམ་ཤེས་ཀྱི་བདེན་པ་འཚོལ་ཐུབ།

    ཉི་འོད་འཇམ་པོ་མཁའ་ནས་འཛུམ་དུས།

    མི་ཚོགས་སྟུག་པོའི་སེམས་པ་དྲོས་ཡོང་།

    ཉི་འོད་འཇམ་པོ་ས་ལ་འཕྲོ་དུས།

    ས་གཞི་སྒེག་མོས་ལང་ཚོ་ངོམ་ཡོང་།

    ཉི་འོད་ནི་གནམ་ས་སྦྲེལ་བྱེད་ཀྱི་ཐག་པ་ཡིན།

    ཉི་འོད་ནི་རི་གྲོང་མཛེས་བྱེད་ཀྱི་བཀྲག་མདངས་ཡིན།

    ཉི་འོད་ནི་རྩི་ཤིང་རྒྱས་བྱེད་ཀྱི་དྲོད་ཐིག་ཡིན།

    ཉི་འོད་ནི་ནང་སེམས་གསོ་བྱེད་ཀྱི་སྨན་མཆོག་ཡིན།

    ཉི་འོད་མེད་ན་འཇིག་རྟེན་འདི་མུན་ནག་ཡིན་སྲིད།

    ཉི་འོད་མེད་ན་མིག་ཟུང་གིས་ཅི་ཡང་མཐོང་མི་སྲིད།

    ཉི་འོད་མེད་ན་རྡོག་སྣེ་ཡིས་གང་ཡང་ཟིན་མི་སྲིད།

    ཉི་འོད་མེད་ན་ནང་སེམས་སུ་དྲོད་ཁོལ་འཁྱིལ་མི་སྲིད།

    ཉི་འོད་ཀྱིས་ཚེ་སྲོག་བསྐྲུན་ཡོད།

    ཉི་འོད་ཀྱིས་རི་དང་ལུང་པ་འཚོས་ཡོད།

    ཉི་འོད་ཀྱིས་རང་བྱུང་ཁམས་འོད་ཀྱིས་བསྲུངས་ཡོད།

    དེས་ན། ང་ཚོས་ཉི་འོད་ལ་ཅིས་ཀྱང་བཀའ་དྲིན་ཆེ་ཞུ་འོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།