བོད་ཀྱི་G219ཡུལ་སྐོར་གློག་བརྙན་དང་པོ《ལྷོ་བཞུད་ཀྱི་ལམ་བར》ཞེས་པ་ཐོག་མར་བསྟན་པ།
ཉེ་ཆར་བོད་ཀྱི་G219ཡུལ་སྐོར་གློག་བརྙན་དང་པོ《ལྷོ་བཞུད་ཀྱི་ལམ་བར》ཞེས་པ་ཐོག་མར་བསྟན་པའི་མཛད་སྒོ་ལྷ་སར་འཚོགས་པ་རེད།
མཛད་སྒོ་འཚོག་ཡུལ་དུ་གསར་གཏོད་མཁན་གཙོ་བོ་ཚོས་གང་བསམ་ལྷུག་གླེང་དང་རྒྱབ་ཕྱོགས་སུ་གསར་རྩོམ་བྱས་པའི་ངོ་མཚར་ཆེ་བའི་གཏམ་རྒྱུད་མཉམ་སྤྱོད་བྱས་པ་རེད།
སྤྱི་ཁྱབ་འཁྲབ་ཁྲིད་པ་ཙུའོ་ཧྲོའུ་ཡིས《ལྷོ་བཞུད་ཀྱི་ལམ་བར》ཞེས་པའི་གློག་བརྙན་དེ་བོད་ཀྱི་G219ཡུལ་སྐོར་གློག་བརྙན་ཐོག་མ་དེ་ཡིན་པའི་ངོས་ནས“ཡུལ་སྐོར་དང་གློག་བརྙན”ཟུང་དུ་འབྲེལ་བའི་རྣམ་པ་བརྒྱུད་དེ། རྒྱལ་ལམ་219ཡི་བོད་ལྗོངས་ལམ་རྒྱུད་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཁྱོན་ཡོངས་ནས་མངོན་པ་དང་། ལྟད་མོ་བ་ཚོར་བོད་ཀྱི་དམིགས་བསལ་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཟབ་མོ་བྱེད་པའི་ཁྲིད་སྟོན་བྱས་ཡོད་ཅེས་བཤད། སླད་ཕྱིན་ཁོང་གིས་ད་དུང་རྒྱལ་ལམ་219ཡི་ལམ་རྒྱུད་དུ་ཡུལ་སྐོར་གློག་བརྙན་རབ་དང་རིམ་པ་གསར་རྩོམ་བྱེད་རྒྱུ་རེད།
མིག་སྔར། 《ལྷོ་བཞུད་ཀྱི་ལམ་བར》ཞེས་པའི་གློག་བརྙན་དེ་གློག་བརྙན་ཁང་ཆེ་གྲས་ཁག་ཏུ་བདེ་བླག་ངང་སྟོན་བཞིན་ཡོད།