དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སློབ་ཐོན་གྱི་གཏམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བྱམས་པ་རྡོ་རྗེ།   |     སྤེལ་དུས།  2024-05-28

    འདི་རུ། ལས་དབང་གཅིག་དང་།

    དགོས་པ་གཅིག་གིས།

    གཞན་ཡུལ་གཅིག་ཏུ།

    འཛོམ་ཐེངས་གཅིག་དང་།

    འགྲོགས་ཐེངས་གཅིག་རེད།

    འདི་ལས། དང་བ་ཞིག་དང་།

    དུང་བ་ཞིག་གིས།

    རིག་གཞུང་ཞིག་ལ།

    བརྩེ་བ་ཞིག་དང་།

    ཆགས་ཞེན་ཞིག་སྐྱེས།

    འདི་ནས། མཆེད་གྲོགས་འདི་ཚོས།

    དམིགས་པ་གཅིག་ཏུ།

    དད་པ་ཞིག་དང་།

    བརྩོན་པ་ཞིག་གིས།

    རྣམ་ཐར་ཞིག་བསྐྱངས།

    འདི་རུ། དགའ་བ་ཞིག་དང་།

    སྐྱོ་བ་ཞིག་གིས།

    དུས་ཚིགས་ཤིག་ལ།

    ཕྱིར་དྲན་ཞིག་དང་།

    བསྡོམས་ཚིག་ཅིག་བཀོད།

    འདི་རུ། རེ་བ་ཞིག་དང་།

    ལྷག་བསམ་ཞིག་གིས།

    འབྲས་ལྡན་ཞིག་ལ།

    འབྲས་བུ་ཞིག་ཆེད།

    གོམ་པ་གཅིག་སྤོས།

    མདོར་ན། འདི་ནི་བྱིས་དུས་ཀྱི་རྨི་ལམ་ཙམ།

    འདི་ནི་གཞོན་དུས་ཀྱི་ལང་ཚོ་འོ།

    འདི་ནི་རྒས་དུས་ཀྱི་དྲན་གསོ་འོ།

    འདི་ནི་མི་ཚེ་ཡི་གྲིབ་གཟུགས་སོ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།