དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག
  • བོད་ཀྱི་མི་རིགས་ལག་ཤེས་བཟོ་ལས་ཐོན་ལས་མནའ་འབྲེལ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-05-25

    ཉེ་ཆར། བོད་ཀྱི་མི་རིགས་ལག་ཤེས་བཟོ་ལས་ཐོན་ལས་མནའ་འབྲེལ་བཙུགས་པ་རེད། གསར་འགོད་པས་མནའ་འབྲེལ་འཛུགས་པའི་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་པ་བརྒྱུད། བོད་ཀྱི་མི་རིགས་ལག་ཤེས་བཟོ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། མིག་སྔའི་བར་ལྗོངས་ཡོངས་ཀྱི་མི་རིགས་ལག་ཤེས་བཟོ་ལས་གཉེར་སྐྱོང་བྱེད་པོ་2500ལྷག་ཙམ་དང་ལས་ཞུགས་མི་གྲངས་ཁྲི་3.4ལྷག་ཙམ་ཡོད། ལྗོངས་ཡོངས་སུ་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་མཁས་ཅན་གྱི་མཚན་སྙན་ཐོབ་མཁན་ཁྱོན་8དང་། བོད་རང་སྐྱོང་ལྗོངས་ཀྱི་བཟོ་རྩལ་མཛེས་རྩལ་མཁས་ཅན་65 ས་ཁུལ(གྲོང་ཁྱེར)རིམ་པའི་བཟོ་རྩལ་མཛེས་རྩལ་མཁས་ཅན་126བཅས་ཡོད་པ་རེད། བོད་ཀྱི་སྲོལ་རྒྱུན་ལག་རྩལ་རྒྱུན་འཛིན་ཐུབ་པ་དང་སྟོངས་ཉེའི་བཟོ་རྩལ་རྒྱུན་མཐུད་ཐུབ་པ་བྱུང་བ་མ་ཟད། ཤེས་ལྡན་པའི་དཔུང་ཁག་ཀྱང་རིམ་བཞིན་སྟོབས་ཆེར་འགྲོ་བཞིན་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་བོད་ཀྱིས《བོད་རང་སྐྱོང་ལྗོངས་ས་མཐོའི་ཡང་བའི་བཟོ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་འགོད(2023ལོ་ནས་2030ལོ་བར)》ཁྱབ་བསྒྲགས་བྱས་ནས། བོད་ཀྱི་མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་། དམིགས་ཚད། གཙོ་གནད་ལས་དོན་བཅས་བཏོན་ཏེ་མི་རིགས་ལག་ཤེས་བཟོ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་བཀོད་སྒྲིག་ཀྱང་བྱས་ཡོད། ཞིབ་དཔྱད་བྱས་པ་བརྒྱུད། ལྗོངས་ཡོངས་ཀྱི་མི་རིགས་ལག་ཤེས་བཟོ་ལས་དང་། བཟོ་རྩལ་མཛེས་རྩལ་ལས་རིགས། ས་མཐོའི་ཡང་བའི་བཟོ་ལས་ལས་རིགས། རིག་གནས་ཡུལ་སྐོར་ཐོན་ལས་སོགས་ལས་རིགས་ཀྱི་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་གཉེར་སྐྱོང་བྱེད་པོ་དང་རིམ་ཁག་བཟོ་རྩལ་མཛེས་རྩལ་མཁས་ཅན་སོགས་དེའི་ནང་ཞུགས་པའི་ཆ་རྐྱེན་དང་མཐུན་པའི་ཚོགས་པ་དང་མི་སྒེར་140ལས་བརྒལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།