ས་སྐྱའི་ཐང་གའི་འགྲེམས་སྟོན“དཔྱིད་ཀྱི་སྦྲང་ཆར་འདུ་འགོད” ཀྱི་ཕུལ་བྱུང་རྣམ་གྲངས་ལ་བདམས་པ།
ཉེ་ཆར། ས་སྐྱའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དེ་རྒྱལ་ཁབ་རིག་གནས་ཡུལ་སྐོར་པུའུ་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་མཉམ་དུ་རྒྱལ་ཁབ་རིམ་པའི“དཔྱིད་ཀྱི་སྦྲང་ཆར་འདུ་འགོད”ཀྱི་རིག་གནས་དང་ཡུལ་སྐོར་དང་བླངས་ཞབས་ཞུའི་མཐའ་མཚམས་བྱ་སྤྱོད་ཀྱི་ཕུལ་བྱུང་རྣམ་གྲངས་ལ་བདམས་པ་རེད།
2023ལོར། ཧྲང་ཧའེ་ཡི་བོད་སྐྱོར་ས་སྐྱའི་ཚོགས་ཆུང་གིས་ཧྲང་ཧའེ་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དང་ཞུས་ཧུའེ་སྒྱུ་རྩལ་ཁང་གིས་དུས་ཡུན་ཟླ་བ་གཉིས་རིང་ས་སྐྱའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་བྱས་ཤིང་། དེའི་ནང“འགྲོ་མགོན་ཆོས་རྒྱལ་འཕགས་པའི་རྣམ་ཐར”འཁོད་པའི་ཐང་ག་འགྲེམས་སྟོན་གྱི་ནང་དོན་གཙོ་བོར་བྱས་པའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་བྱས་པ་དང་སྦྲགས། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་བརྗོད་དོན་གཙོ་བོ་ཡག་པོ་བཤད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོཊ་པའི་འདུ་ཤེས་སྔར་བས་བརྟན་དུ་བཏང་ཡོད། འགྲེམས་སྟོན་བྱེད་རིང་ལྟད་མོ་བ་མི་ཐེངས་ཁྲི་28ཙམ་ལ་སྣེ་ལེན་ཞུས་པ་རེད།