དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • དཀའ་སྡུག་དང་བདེ་སྐྱིད། བོད་ཀྱི་ཡར་ལངས་ཞིང་བྲན་སྐལ་བཟང་གཡུ་སྒྲོན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-13

    འདི་ནི་སྐལ་བཟང་གཡུ་སྒྲོན་ཡིན་པ།

    འདི་ནི་སྐལ་བཟང་གཡུ་སྒྲོན(དཀྱིལ)གྱིས་ཇ་ཁང་དུ་རོགས་པ་དང་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་པ།

    1947ལོར་སྐལ་བཟང་གཡུ་སྒྲོན་ད་ལྟའི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གནས་ཡུལ་དུ་སྐྱེས་པ་དང་། སྐབས་དེ་དུས་ཁོང་ཁྱིམ་གྱི་ནང་མི་བརྒྱད་པོ་སྨི་ངོས་གྲུ་སུམ་ཅུ་ལྷག་ཙམ་ལས་མེད་པའི་ཁང་པ་གོག་ཧྲུལ་གཅིག་གི་ནང་འཚང་ཁ་བརྒྱབ་ནས་སྡོད་ཀྱི་ཡོད། ཁྱིམ་ཆས་ངོ་དྲག་པ་གཅིག་ཀྱང་མེད་ལ། ཉལ་ཁྲི་དེ་ཡང་སོ་ཕག་བསྒྲིགས་པའི་སྟེང་རྩྭ་སྐམ་པོ་གཡོགས་ནས་ཉལ་གདན་བཏིང་བ་ཞིག་རེད།

    ནང་མི་ཚང་མ་ཉི་མ་ཤར་བ་ནས་ས་མ་རུབ་བར། ཞིང་བྲན་བདག་པོའི་ས་ཞིང་རྨོད་འདེབས་དང་ཕྱུགས་ཟོག་ལ་གཡོག་རྒྱུག་དགོས་ཀྱི་ཡོད། ཉིན་གཅིག་གི་ལས་ཀ་ཚར་སྐབས་ནང་མི་ཚང་མ་གྲོད་པ་ལྟོགས་པར་ཉལ་དགོས་སྟབས་གཉིད་ཁུགས་ཐབས་བྲལ། ལས་ཡུན་རིང་བ་དང་འཚོ་བཅུད་ཞན་པའི་དབང་གིས་ཞིང་བྲན་མང་པོ་ནད་ཀྱིས་མནར་གྱི་ཡོད།

    1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ཅིང་། 1960ལོར་སྐལ་བཟང་གཡུ་སྒྲོན་ལ་ཧྲའན་ཤིས་ཞན་དབྱང་བོད་ལྗོངས་སྤྱི་སློབ་ཏུ(བོད་ལྗོངས་མི་རིགས་སློབ་ཆེན་གྱི་སྔ་མིང)སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་ནས་ལོ་དྲུག་གི་རིང་ནད་སྐྱོང་ཆེད་ལས་ཀྱི་ཤེས་བྱ་སྦྱངས། སློབ་མཐར་ཕྱིན་རྗེས་ཁོང་ཕ་ཡུལ་དུ་ལོག་ནས་སྨན་བཅོས་སྲོག་སྐྱོབ་ཀྱི་གཞན་ཕན་ལས་ལ་འབད་ནས་ལོ་ཡི་འཁོར་མོ་སུམ་ཅུ་ལྷག་ཙམ་འདས།

    རྒན་ཡོལ་ཞུས་རྗེས་སྐལ་བཟང་གཡུ་སྒྲོན་རྫོང་རིག་རྩལ་རུ་ཁག་ཏུ་ཞུགས་པས་རིག་རྩལ་འཁྲབ་སྟོན་སྣ་ཚོགས་བྱེད་མྱོང་ཡོད། ཁོམ་པ་ཡོད་དུས་ཁོ་མོས་ངོ་ཤེས་རྙིང་པ་འགའ་རེ་དང་མཉམ་དུ་ཇ་ཁང་དུ་ཅི་འཕྲོས་མོལ་འཕྲོས་བྱས་ནས་སྡོད་ཀྱི་ཡོད་ཅིང་། སྐལ་བཟང་གཡུ་སྒྲོན་གྱིས“ད་ཆ་གང་དགོས་ཅི་འཛོམས་ཡོད་པས་དངོས་འབྲེལ་སྐྱིད་པོ་འདུག”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།