དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བྱིས་པའི་སྙན་ངག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བྱེ་ཞོལ་ཚེ་རྡོར།   |     སྤེལ་དུས།  2024-04-09

    གལ་ཏེ་ལྕང་ལོ་སེར་པོ།

    ཆུ་མོའི་གཞུང་གི་གྲུ་ཆུང་ཞིག་ཡིན་ན།

    བསིལ་བསིལ་སྟོན་གྱི་རླུང་བུ།

    གྲུ་ཆུང་ལ་མཁོ་བའི་གཏན་གྲོགས་སྐྱ་བ་དེ་ཡིན་ངེས།

    གལ་ཏེ་སོག་མའི་ཕོན་ལྕོག

    ཨ་ཁུ་ཞིང་པའི་སྐུ་ལུས་ཡིན་ན།

    ཕོན་ལྕོག་ཐོག་གི་འབྲུ་རྡོག་དེ་དག

    ཁོ་ཚོའི་རྔུལ་ནག་གི་ཐིགས་ཕྲེང་རེ་རེ་ཡིན་ངེས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།