དཀའ་སྡུག་དང་བདེ་སྐྱིད། བོད་ཀྱི་ཡར་ལངས་ཞིང་བྲན་བུ་ཚེ་རིང་།
འདི་ནི་བུ་ཚེ་རིང་གིས་བོད་ཆས་གྱོན་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་འོས་འགན་འགྲེལ་བཤད་རྒྱག་པར་སྐྱོད་རྩིས་བྱེད་བཞིན་པ།
འདི་ནི་བུ་ཚེ་རིང་དང་བཟའ་ཟླ་ཉི་མ་མཚམས་ཡིན་པ།
བུ་ཚེ་རིང་1944ལོར་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གི་ཁོངས་སུ་སྐྱེས་ཤིང་། ཁོ་པའི་པ་ཕ་ནི་ཁྲལ་པ་དང་ཨ་མ་ནི་དུད་ཆུང་ཡིན་པ་རེད། སྐབས་འདིར་ཞིང་ལས་ལ་བརྟེན་ནས་ཞིང་བྲན་བདག་པོའི་ཁང་བོགས་དང་ས་བོགས་སྤྲོད་ཐབས་བྱེད་ཀྱི་ཡོད། ཁོ་པའི་ཁྱིམ་གྱིས་ཞིང་བྲན་བདག་པོའི་ས་ཁང་ཞིག་བོགས་མར་བླངས་པ་དེ་དབྱར་དུས་ཆར་ཐིགས་འཛག་པ་དང་དགུན་དུས་ཁང་པའི་ནང་འཁྱགས་པ་ཐེབས་ཀྱི་ཡོད། བུ་ཚེ་རིང་གིས“ཞིང་བྲན་ལ་ལ་སྦྲ་གུར་ཧྲལ་ཧྲུལ་ནང་ཉལ་བ་དང་དམར་འབྱར་ལ་ལ་བ་ཚང་ནང་དུ་སྐྱེས་ཤིང་། ཁོར་ཡུག་ཤིན་ཏུ་ཞན་པའི་དབང་གིས་མཚན་མོ་རེ་གཉིས་ལས་གསོན་ཐུབ་ཀྱི་མེད”ཅེས་བརྗོད།
ལོ་13ལ་སླེབས་སྐབས། བུ་ཚེ་རིང་གི་ལས་དབང་ལ་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཞིང་། ལོ་འདིར་ཁོ་པ་གེ་སར་ལྷ་ཁང་སློབ་ཆུང(ད་ལྟའི་གཞིས་རྩེ་གྲོང་ཁྱེར་གྱི་སློབ་ཆུང་དང་པོ)དུ་སློབ་གྲྭར་བསྐྱོད་རྒྱུ་བྱུང་། 1959ལོར། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད་གངས་ལྗོངས་ས་མཐོར་དུས་བདེ་ཞོད་འཇགས་བྱུང་བ་མ་ཟད། བུ་ཚེ་རིང་སློབ་གྲྭ་འགྲིམ་པའི་ལམ་བུའང་ཇེ་ཆེར་སོང་བ་རེད། བུ་ཚེ་རིང་གིས་སློབ་གྲྭར་སློབ་སྦྱོང་བྱེད་པའི་གོ་སྐབས་ལ་གཅེས་སྤྲས་ཆེན་པོ་བྱས་ཡོད།
སློབ་གྲྭ་ཐོན་རྗེས། བུ་ཚེ་རིང་གིས་གཞིས་རྩེར་ལོ་ཙཱའི་ལས་ལ་ཞུགས་ཤིང་། ཁོ་པས་ད་ལྟའི་བར་དུ་ཤེས་བྱ་སྦྱོང་བར་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མྱོང་མེད། ལོ་49ལ་སླེབས་སྐབས་ཁོ་པས་པེ་ཅིང་སློབ་གྲྭ་ཆེ་མོར་དབྱིན་ཡིག་ཟབ་སྦྱོང་བྱེད་པར་བསྐྱོད་པ་དང་། 2007ལོར་གློག་ཀླད་གསོ་སྦྱོང་འཛིན་གྲྭར་ཞུགས་ནས་གློག་ཀླད་ཀྱི་རྨང་གཞིའི་བཀོལ་སྤྱོད་བྱེད་སྟངས་སྦྱངས་ཡོད།
རྒན་ཡོལ་ཞུས་རྗེས། བུ་ཚེ་རིང་གིས་ཁོ་པའི་ནུས་པ་ལྷག་མ་འདོན་སྤེལ་བྱས་ནས། ལྷ་ས་གྲོང་ཁྱེར་དགེ་འོས་སློབ་གྲྭའི་ཞོར་གཏོགས་སློབ་ཆུང་གི་སློབ་ཕྱིའི་ཀུན་སྤྱོད་སློབ་གསོའི་རོགས་ཁྲིད་པ་ཞིག་བྱས། “ང་རང་ཆུང་དུས་སློབ་གྲྭར་འགྲོ་མྱོང་མེད་པས། ཡིག་རྨོངས་བ་ཞིག་ཡིན་པ་ནི་སྨོས་ཅི་དགོས། འོན་ཀྱང་ཕྱིས་སུ་སློབ་གྲྭར་འགྲོ་རྒྱུ་བྱུང་རྗེས་གཞི་ནས་རང་ཉིད་ཀྱི་ལས་དབང་ལ་འགྱུར་ལྡོག་ཕྱིན་སོང”བུ་ཚེ་རིང་གིས་ཉེ་འཁོར་གྱི་མི་ལ“ད་ལྟ་སྲིད་ཇུས་ཡག་པོ་འདི་འདྲ་རེད། དེ་བས་ཀྱང་ཕྲུ་གུ་སློབ་གྲྭར་ཧུར་ཐག་གཏོང་དགོས”ཞེས་ཡང་ཡང་བརྗོད་ཀྱི་ཡོད།