གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ།
ཉེ་ཆར། སྣང་རྫོང་དུང་དཀར་གྲོང་རྡལ་ཉལ་གྲོང་ཚོའི་ཏང་ཀྲི་པུས་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ། 《ཏང་གི་ཚོགས་ཆེན་ཉི་ཤུ་པར་བསྟོད་པ》དང་། 《གྲོང་གསེབ་དར་རྒྱས་ངའི་བསམ་འདུན་དང་མཐུན》 《ལོ་ལེགས》སོགས་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་རིག་རྩལ་ལེ་ཚན་18འཁྲབ་སྟོན་བྱས་པ་ལས་དུས་རབས་འཕེལ་རྒྱས་དང་མང་ཚོགས་ཀྱི་བདེ་ཞིང་སྐྱིད་པའི་འཚོ་བ་མཚོན་ཡོད། ངོ་མཚར་ཆེ་བའི་ལེ་ཚན་ལ་ལས་བྱེད་པ་དང་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་ཅིང་། འདི་ནི་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་བྱ་ཡུལ་ཡིན་པ།